དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་ཆེད་སྤྱོད་ཀྱི་མི་མེད་གནམ་གྲུའི་བཀོལ་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-21

    འདི་ནི་གསོ་སྦྱོང་བྱ་ཡུལ་དུ་རྩལ་སློབ་པས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་སྟངས་དཔེ་སྟོན་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་སྒྲིག་ཆས་གསར་པ་བཀོལ་སྤྱོད་ལ་བྱང་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་དམིགས་ནས། “གནམ་ས་གཞི་གཅིག”གི་ཉེན་རྟོག་ལས་དོན་སྒྲུབ་སྟངས་འཛུགས་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། ཉེན་རྟོག་གི་ཆེད་སྤྱོད་མི་མེད་གནམ་གྲུའི་བཀོལ་སྤྱོད་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས། འཐབ་འཛིང་ནུས་ཤུགས་གསར་པ་གྲུབ་སྟངས་འཚོལ་ཞིབ་བྱས་ཐོག མཁའ་དབྱིངས་ཉེན་རྟོག་ལས་དོན་ཐད་མཐོ་ཚད་གསར་པ་ཞིག་གཏོད་ཐུབ་པ་དང་། ཉེན་རྟོག་མཁའ་འགྲུལ་སྟོབས་ཤུགས་ཀྱིས་འཐབ་འཛིང་ནུས་ཤུགས་གསར་པ་ཞིག་གཏོད་ཐུབ་པར་བྱས་ཡོད།

    ད་ཐེངས་གསོ་སྦྱོང་གིས་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། ས་མཐོའི་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་གི་བློ་རིག་ཉེན་རྟོག་ལས་དོན་གྱི་དགོས་མཁོ་དང་མི་མེད་གནམ་གྲུས་སྐོར་གཡེང་སྔོན་འགོག་ཚོད་འཛིན་དང་མཐའ་མཚམས་དོ་དམ་ཚོད་འཛིན་སོགས་བྱེད་པའི་དངོས་འཐབ་ཀྱི་ཉེར་སྤྱོད་གཙོ་བོར་བཟུང་ཡོད་པ་རེད།

    གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་མི་མེད་གནམ་གྲུའི་དམག་སྦྱོང་ཆེ་མོའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུ་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བར་བརྟེན་ནས་ས་མཐོའི་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། དུས་རབས་གསར་པའི་སྤྱི་བདེའི་དཔུང་ཁག་གི་འཐབ་འཛིང་ནུས་ཤུགས་གསར་པ་རྒྱུན་མཐུད་ཆེ་རུ་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།