བོད་ནས་མི་གསུམ་བདེན་པའི་རྒྱབ་ལངས་ཀྱི་མིང་ཐོའི་ནང་ཚུད་པ།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་དཔའ་བརྟུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།
2025ལོའི་ཟླ་10ཚེས་9ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་པེ་ཅིང་དུ་2025ལོའི་དུས་ཚིགས་གཉིས་པ་དང་གསུམ་པའི་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་དཔའ་བརྟུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དྲ་རྒྱའི་དོ་ཁུར་བྱེད་ཚད་དང་ས་གནས་ཁག་དང་ཚན་པ་ཁག་གིས་སྒྲིག་སྲོལ་ལྟར་གཏན་འཁེལ་དང་འོས་སྦྱོར་བྱས་པ་གཞིར་བཟུང་ཕྱོགས་བསྡུས་ཞིབ་དཔྱད་བྱས་པར་གཞིགས་ན། བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་དཔའ་བརྟུལ་ཁྱོན་69གཟི་བརྗིད་ལྡན་པའི་ངང་མིང་ཐོའི་ནང་ཚུད་པའི་ནང་རང་ལྗོངས་ཀྱི་འབྲུག་གྲགས་དང་། བྱམས་པ་དབང་འདུས། སྐལ་བཟང་བློ་གྲོས་བཅས་ཚུད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་དཔའ་བརྟུལ་གྱི་དུས་ཚིགས་རེའི་བདམས་ཐོན་བྱེད་སྒོ་ནི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ཀྲུང་ཧྭ་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་ཡིན་ཞིང་། བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་དཔའ་བརྟུལ་དཔེ་མཚོན་ས་གནས་ཁག་གིས་དུས་ཐོག་ཏུ་གཏན་འཁེལ་དང་། བྱ་དགའ་སྤྲོད་པ། དྲིལ་བསྒྲགས་བཅས་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། 2022ལོའི་ཟླ་9པ་ཚུན། བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་དཔའ་བརྟུལ་གྱི་མིང་ཐོ་ཐེངས་11ཁྱབ་བསྒྲགས་བྱས་པ་དང་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་དཔའ་བརྟུལ་ཁྱོན་607མིང་ཐོའི་ནང་ཚུད་དེ་བྱ་དགའ་རག་པ་རེད།
འབྲེལ་ཡོད་གསར་འགྱུར།