བོད་དམག་ཁུལ་ཁང་གི་པུའུ་ཞིག་གིས་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་གཉེར་བ།

འདི་ནི་རིག་རྩལ་མཚན་ཚོགས་འཚོག་ཡུལ་ཡིན་པ།
ཉེ་ཆར་བོད་དམག་ཁུལ་ཁང་གི་པུའུ་ཞིག་གིས“རི་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་གཉེར་ཏེ། དཔོན་དམག་ཚོས་དམག་འཁྲུག་གི་ལོ་ཟླ་བསྐྱར་དྲན་བྱེད་པ་དང་འབད་འབུངས་ཆེན་པོས་དམག་དཔུང་སྟོབས་ཆེར་གཏོང་བའི་རྒྱང་ལམ་གསར་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་ཁྲིད་སྟོན་བྱས་ཡོད།
མཚན་ཚོགས་དེ་འགོ་འཛུགས་ཞབས་བྲོ《དམག་འཁྲུག་གི་མེ་ལྕེ་གང་སར་མཆེད》ཅེས་པའི་ཁྲོད་འགོ་ཚུགས་པ་དང་། དེར་ཡོད་དཔོན་དམག་ཡོངས་ཀྱི་མིག་ལམ་དུ་ལོ་ངོ་80ཡི་གོང་གི་རྒྱལ་ཁབ་སྐྱོབ་གནས་ཐུབ་པའི་སྤྱིར་བཏང་མིན་པའི་ལོ་ཟླ་དེ་ཁྲ་ལམ་མེར་འཆར་ཡོད། ཞབས་བྲོ་བ་ཚོས་ངར་ཤུགས་ལྡན་པའི་སྟངས་སྟབས་ལ་བརྟེན་ནས་ཀྲུང་ཧྭ་བུ་ཕྲུག་གིས་མི་རིགས་འཇིག་ཉེན་ཆེ་བའི་སྐབས་སུ་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པའི་བརྗིད་ཆེའི་ལེའུ་དེ་བསྐྱར་དུ་མངོན་པར་བྱས་ནས་མཚན་ཚོགས་ཡོངས་ལ་རྔམ་བརྗིད་ལྡན་པའི་ནང་དོན་ཟབ་མོ་ཞིག་བསྣན་ཡོད།
མཚན་ཚོགས་ཡོངས་ཀྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ནང་དོན་གཏིང་ཟབ་པས་དེ་ནི་སྒྱུ་རྩལ་གྱི་སྟོན་མོ་ཞིག་རེད་ལ། བསམ་བློར་ཞུན་བརྡར་བཏང་བ་ཞིག་དེ་བས་ཀྱང་རེད། དཔོན་དམག་ཚོས་འཁྲབ་སྟོན་བལྟས་རྗེས“མཚན་ཚོགས་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ནས་དེ་དག་དམག་སྦྱོང་དམག་གྲབས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱ་རྒྱུ་ཡིན”ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
འབྲེལ་ཡོད་གསར་འགྱུར།