ཆབ་མདོ་གྲོང་ཁྱེར་གྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ།
གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་གྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་ཉམས་མྱོང་བཅས་སྤེལ་རེས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2015ལོར“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”སྐྲུན་པའི་ལས་དོན་སྤེལ་འགོ་ཚུགས་ཚུན། གྲོང་ཁྱེར་ཡོངས་ཀྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”150ཉིན་བཞིན་འཐུས་མིའི་སློབ་སྦྱོང་དང་གསོ་སྦྱོང་བྱེད་སའི་སློབ་ཁང་དང་། འདེམས་དམངས་དང་འབྲེལ་གཏུག་བྱེད་སའི་འབྲེལ་ཟམ། ཁྲིམས་བཞིན་འགན་འཁྲི་སྒྲུབ་སའི་ལས་སྟེགས། མང་ཚོགས་ལ་ཞབས་འདེགས་ཞུ་སའི་སྐར་ཁུང་། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གཡུལ་ས་བཅས་སུ་གྱུར་ནས། ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་སློབ་སྦྱོང་སྒྲིག་འཛུགས་དང་འཇོན་ཐང་ཆེ་རུ་གཏོང་བའི་བྱང་ཚད་མཐོར་གཏོང་ལས་སྟེགས་ཧུར་ཐག་བཏོད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ“ཁྱིམ་གཞིས”སུ་ཏང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྲིད་ཇུས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས། མི་དམངས་འཐུས་ཚོགས་ལས་དོན་གྱི་དངོས་སྒྲུབ་བླང་བྱ་བཅས་སློབ་སྦྱོང་བྱས་ཤིང་། འདེམས་དམངས་དང་འབྲེལ་གཏུག་བྱེད་ས་དང་དམངས་ཀྱི་རེ་འདོད་མཚོན་པའི་གྲོས་འགོ་ཐད་གཏོང་ལས་སྟེགས་བཏོད་པ་དང་། ཟླ་རེའི་ཚེས་15ཉིན་དེ“འདེམས་དམངས་ལ་སྣེ་ལེན་ཞུ་བའི་ཉིན་མོར”གཏན་འཁེལ་བྱས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཟླ་རེར་རེས་མོས་ངང“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”སུ་འདེམས་དམངས་ལ་སྣེ་ལེན་ཞུ་ཡི་ཡོད། གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་གཉིས་པ་ཚུན། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“ཁྱིམ་གཞིས”སུ་འདེམས་དམངས་མི་ཐེངས་9200ལྷག་ཙམ་ལ་སྣེ་ལེན་ཞུས་ནས། ལོ་རེར་ཆ་སྙོམས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་600ལྷག་ཙམ་བསྡུ་རུབ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།