ལྗོངས་ཡོངས་ཀྱི་སློབ་མའི“རྩ་ཁྲིམས་སྦྱོང་བ་དང་རྩ་ཁྲིམས་ཤོད་པའི”བྱེད་སྒོ་སྐབས་བཅུ་པས་མཐའ་བསྡུར་བྱས་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་སློབ་མའི“རྩ་ཁྲིམས་སྦྱོང་བ་དང་རྩ་ཁྲིམས་ཤོད་པའི”བྱེད་སྒོ་སྐབས་བཅུ་པས་མཐའ་བསྡུར་བྱས་པ་རེད།
མཐའ་བསྡུར་དེར་བྱང་ཚད་འགྲན་བསྡུར་དང་གཏམ་བཤད་འགྲན་བསྡུར་གཉིས་ཡོད་ཅིང་། དེའི་ནང་བྱང་ཚད་འགྲན་བསྡུར་ནང་ངེས་པར་ལན་འདེབས་དང་། འཕྲོག་རྩོད་ལན་འདེབས། རང་སྣང་དྲི་བ་བཅས་ཀྱི་ལྷུ་ཚིགས་བཟོས་ཡོད་ལ། གཏམ་བཤད་འགྲན་བསྡུར་ཐད་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་། མཐོ་སློབ་བཅས་ཀྱི་ཚོགས་ཆུང་དབྱེ་ནས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔའི་སྐབས་དགུ་དང་བསྡུར་ན། ད་རེས་ཀྱི་བྱེད་སྒོའི་ནང་མི་རིགས་ས་ཁོངས་རང་སྐྱོང་དང་མཐའ་མཚམས་བརྟན་ལྷིང་སོགས་ཀྱི་དཔྱད་ཞིབ་ནང་དོན་བསྣན་ཡོད་ཅིང་། དཔེ་མཚོན་སློབ་ཁྲིད་དང་ཡུལ་ཁམས་ལད་ཟློས་སོགས་གསོན་ཉམས་དོད་པའི་རྣམ་པ་བརྒྱུད་སློབ་མ་རྣམས་ལ་རྩ་ཁྲིམས་ཀྱི་ལག་ལེན་དོན་སྙིང་རྟོགས་པར་རོགས་རམ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།