ཁྲིམས་སྐྱོང་ལ་བརྟེན་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ།
གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཚེ་རིང་རྡོ་རྗེར་བཅར་འདྲི་ཞུས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དོན་འཁྱོལ་བྱས་ཚུལ་ཐད་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཚེ་རིང་རྡོ་རྗེར་བཅར་འདྲི་ཞུས་པ་རེད།
ཚེ་རིང་རྡོ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ་གནང་བའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུའི་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་མཚོན་གྱི་ཡོད་ཅེས་བརྗོད།
“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱ་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་རེད། ཚེ་རིང་རྡོ་རྗེས། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤུས་ཚད་མཐོ་པོས་གྱོད་གཞི་ཚང་མ་ཡག་པོ་བསྒྲུབ་རྒྱུ་དེ་ཞིབ་དཔྱོད་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་པའི་གཞི་རྩའི་བླང་བྱར་བརྩིས་ནས་ཚན་རྩལ་གསར་གཏོད་དང་། རིག་དངོས་དང་རིག་གནས་ཤུལ་བཞག སྐྱེ་ཁམས་ཁོར་ཡུག “ཞིང་གསུམ”སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་རིགས་ཀྱི་ཉེས་གསོག་ལ་ཁྲིམས་གཅོད་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བ། ཤེས་བྱའི་བདག་དབང་ཕྱོགས་བསྡུས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་རམ་འདེགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་ནི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་རེད། ཚེ་རིང་རྡོ་རྗེས། མི་དམངས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་དཀའ་གནད་དང་འགག་གནད་ལ་དམ་པོར་དམིགས་པ། “ཞིབ་དཔྱོད་ཆེན་པོ་བཞིའི”འགན་ནུས་འདོན་སྤེལ་ལ་སྤྱི་འདོམས་བཅས་བྱས་ཏེ། ཁྲིམས་འཛིན་རོགས་སྐྱོབ་དང་། ཞུ་གཏུག་ལ་རྒྱབ་སྐྱོར། ཞིབ་དཔྱོད་དཔང་ཉན། སྲིད་འཛིན་རྩོད་གཞི་ངོ་བོའི་ཐོག་ནས་སེལ་བ། ན་སོ་དར་ལ་མ་བབས་པའི་མིའི་ཕྱོགས་བསྡུས་ཁྲིམས་འཛིན་ལ་སྲུང་སྐྱོང་སོགས་དམངས་ལ་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་སེམས་ནད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བརྗོད།
ཚེ་རིང་རྡོ་རྗེས། ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་རྒྱ་ཆེ་རུ་བཏང་ནས་ཞིབ་དཔྱོད་ཀྱི་དམངས་བདེ་དམངས་ཕན་དང་དམངས་སྲུང་གི་བྱ་ཐབས་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་མཐའི་གྲོང་ཚོ་དང་གྲོང་རྡལ་གྱི་ཞིབ་དཔྱོད་འབྲེལ་གཏུག་ཞབས་ཞུར་ཤུགས་སྣོན་རྒྱག་པ།“མཐའ་སྟོབས་མཐའ་སྲུང་གི་ཁྲིམས་འཛིན་འགན་ལེན”གྱི་བྱེད་སྒོར་སྐུལ་འདེད་གཏོང་བ། མཐའ་མཚམས་དང་འབྲེལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ། རྒྱལ་སྲུང་འཛུགས་སྐྱོང་བྱེད་པ། མཐའ་མཚམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིབ་དཔྱོད་སྟོབས་ཤུགས་ལ་བརྟེན་ནས་མཐའ་བརྟན་མཐའ་དར་དང་མཐའ་སྟོབས་ལ་རམ་འདེགས་བཅས་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།