མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།
གནད་སྨིན་གྱི་ཁྲིམས་ལུགས་ཁྱབ་གདལ་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་བ།
ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ“ཁེ་ལས་འཕེལ་རྒྱས་ལ་སྲུང་སྐྱོང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་བཟོ་པ་ཁག་གཅིག་ལ་ཁྲིམས་སྐྱོང་སྒྲོག་འགྲེལ་དང་དངོས་སྒྲུབ་མཛུབ་ཁྲིད་གནས་ལ་སྨིན་པ་ཞིག་བྱས་པ་རེད།
ད་ཐེངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོར་ཁྲིམས་མིའི་འགན་འཁྲིའི་དབྱེ་མཚམས་དང་། གན་རྒྱའི་ཉེན་ཁ་སྔོན་འགོག་ཚོད་འཛིན། ངལ་ནུས་རྩོད་གཞི་ཐག་གཅོད་སོགས་ཁེ་ལས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ནང་དོན་ལ་དམིགས་ནས་མངའ་རིས་ས་ཁུལ་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ“གྱོད་དཔེ་དབྱེ་ཞིབ་དང་བཅའ་ཁྲིམས་ཀྱི་དོན་ཚན་གསལ་འགྲེལ”ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད། བཅའ་ཁྲིམས་ཀྱི་དོན་ཚན་དང་ཁེ་ལས་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་ཀྱིས་བཀོལ་སྤྱོད་རང་བཞིན་ལྡན་པའི་བཅའ་ཁྲིམས་ཀྱི་མཛུབ་ཁྲིད་བྱས་པ་རེད།
བྱེད་སྒོར་ད་དུང་བཞུགས་མོལ་སྤེལ་རེས་ཀྱི་ནང་དོན་བཀོད་སྒྲིག་བྱས་པ་དང་མངའ་རིས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ཁེ་ལས་ཀྱི་འཐུས་མི་ཉི་ཤུ་ལྷག་ཙམ་དང་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱ་ཆེ་རུ་གཏོང་ཆེད། མངའ་རིས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་བོད་སྐྱོར་རིགས་གཅིག་མཁས་ཅན་དང་མཉམ་དུ་ཨར་པོ་རྒྱག་སར་བསྐྱོད་དེ་ཞིང་པ་ལས་མིར་ངལ་རྩོལ་ཁེ་དབང་སྲུང་སྐྱོང་གི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།