ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་གྲོང་རྡལ་གྱིས།
སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

འདི་ནི་སློབ་སྲུང་དང་བླངས་ཞབས་ཞུ་རུ་ཁག་གི་མི་སྣས་སློབ་གྲྭར་སྐྱོད་པའི་སློབ་མར་ལྟ་རྟོག་བྱེད་པ་མ་ཟད་ཕྲུ་གུ་ཚོར་བདེ་འཇགས་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲོད་པ།
ད་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། “མཉམ་ལྔ་བརྟན་ལྔའི”མཉམ་འཛུགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པ། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ) དྲ་མིག་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་སྤྱི་འདོམས་ཀྱིས“བདེ་འཇགས་སློབ་སྲུང་མནའ་འབྲེལ”བཙུགས་ཤིང་། དེའི་དམིགས་ཡུལ་ནི་སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་གྲལ་བཤེར་བྱས་ནས་གྲོང་རྡལ་ཡོངས་ཀྱི་སློབ་མ་500ཙམ་སློབ་གྲྭར་སྐྱོད་པའི་བདེ་འཇགས་ཡག་པོ་སྲུང་ཆེད་ཡིན་པ་རེད།
རྫ་ར་གྲོང་རྡལ་གྱིས་ཡུལ་བབ་དང་བསྟུན་ནས་སློབ་མ་སྐྱེལ་བསུའི་དུས་མཚམས་སུ་གནས་སྐབས་རླངས་འཁོར་འཇོག་ཡུལ་6གནད་སྨིན་ལུགས་མཐུན་ངང་བཟོས་པ་དང་། འབྲེལ་ཡོད་མི་སྣས་རང་སོ་སོའི་འགན་ནུས་གང་ལེགས་བཏོན་ནས་དགེ་རྒན་དང་ལས་བཟོ་དང་མཉམ་དུ་རྒྱུན་གཏན་གྱི་འགྲིམ་འགྲུལ་ཁྲིད་སྟོན་དང་། སེམས་དྲོད་ཞབས་ཞུ། བདེ་འཇགས་སྐོར་གཡེང་། མངོན་མེད་ཉེན་ཁ་གྲལ་བཤེར། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། རྒྱལ་ལམ་219ཡི་རྫ་ར་དུམ་བུར་རླངས་འཁོར་གང་བྱུང་དུ་འཇོག་པ་དང་། སློབ་མ་དང་ཁྱིམ་བདག་གིས་གཞུང་ལམ་གང་འདོད་དུ་འཕྲེད་བཅད་གཏོང་བ། བདེ་འཇགས་སྲུང་ཞྭ་མི་གྱོན་པ། མི་དང་ཅ་དངོས་ཚད་ལས་བརྒལ་ནས་བླུགས་པ་སོགས་འགྲིམ་འགྲུལ་སྒྲིག་སྲོལ་ལས་འགལ་བའི་བྱེད་སྤྱོད་བཅོས་སྒྲིག་ནུས་ལྡན་དང་། བྱ་སྤྱོད་ངོ་མའི་ཐོག་ནས་འགན་འཁྲི་གསལ་འགྲེལ་བརྒྱབ་སྟེ་བདེ་འཇགས་དང་འཆམ་མཐུན་གྱི་སློབ་གྲྭ་འཛུགས་སྐྱོང་ལ་བདེ་འཇགས་སྲུང་བཅད་བསྐྲུན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། རྫ་ར་གྲོང་རྡལ་དུ་སློབ་སྲུང་དང་བླངས་ཞབས་ཞུ་རུ་ཁག་5བཙུགས་པའི་ནང་ཞུགས་མཁན་མི་གྲངས་མི་ཐེངས་1030ཟིན་ནས་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།