དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།

    “ཡར་ཀླུང་གི་མེ་ལྕེ་སྔོན་པོའི”དངོས་འཐབ་ཅན་གྱི་རྩལ་ནུས་འགྲན་བསྡུར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    འདི་ནི་སྨི་100ཡི་མེ་གསོད་བཀག་བརྒལ་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མིས་དངོས་འཐབ་ཅན་གྱི་རྩལ་ནུས་འགྲན་བསྡུར་བྱ་ཡུལ་དུ་ཆུ་མདའ་བཀོལ་སྤྱོད་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མིས་བཤིག་གཏོར་རྣམ་གྲངས་ཀྱི་འགྲན་བསྡུར་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ཡར་ཀླུང་གི་མེ་ལྕེ་སྔོན་པོའི”དངོས་འཐབ་ཅན་གྱི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།

    ད་ཐེངས་འགྲན་བསྡུར་གྱི་དུས་ཡུན་ཉིན་4ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་དཔུང་ཁག་13གྱི་མི་138ཀྱིས་སྨི་100ཡི་མེ་གསོད་བཀག་བརྒལ་དང་། སྨི་400ཡི་དངོས་ཟོག་དབོར་འདྲེན། མེ་གསོད་རྩལ་ནུས་སོགས་ལ་དམིགས་ནས་འགྲན་བསྡུར་ཛ་དྲག་བྱས་པ་ལས་མེ་གསོད་རུ་མིའི་ཏན་ཏིག་དང་རྩེར་སོན་གྱི་ལས་སྒོའི་བྱང་ཚད་གང་ལེགས་མངོན་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནི་ཚན་པ་ཁག་གི་དམག་སྦྱོང་ཕན་འབྲས་ལ་ཞིབ་བཤེར་གང་ལེགས་བྱེད་པ་ཞིག་ཡིན་ལ། དཔུང་ཁག་གི་རྩལ་ནུས་དང་བྱང་ཚད་མཐོར་གཏོང་གི་བྱ་ཐབས་གལ་ཆེན་ཞིག་དེ་བས་ཀྱང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།