བོད་དམག་ཁུལ་ཁང་རིག་རྩལ་ཚོགས་པའི་ཧྲག་བསྡུས་རིག་རྩལ་རུ་ཁག་གིས་བརྗོད་དོན་གཙོ་བོའི་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།
གངས་ལྗོངས་ས་མཐོའི་དངོས་ཟོག་གྲབས་གསོག་མཁོ་སྤྲོད་དམག་མི་རྩེ་གྲ་ལས་གནས་སུ་གཞི་ཚུགས་པ་དང་འགན་འཁྲི་འཁུར་ཕོད་པའི་ལས་ཀའི་སྤྲོ་སེམས་འཕེལ་བར་བྱ་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་རིག་རྩལ་ཚོགས་པའི་ཧྲག་བསྡུས་རིག་རྩལ་རུ་ཁག་གིས་དམག་ཁུལ་ཁང་གི་འགོ་ཁྲིད་པའི་ཐུགས་ཁུར་ཟབ་མོ་དང་བྱམས་བརྩེའི་འཚམས་འདྲི་བསྣམས་ཏེ། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ཏུ་བསྐྱོད་ནས“ཆབ་སྲིད་ཀྱི་ཟོལ་མེད་བསམ་པ་བརྟན་པོ་འཛུགས་པ་དང་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི”བརྗོད་དོན་གཙོ་བོའི་འཚམས་འདྲིའི་འཁྲབ་སྟོན་གཟབ་རྒྱས་ངང་བྱས་པ་རེད།
ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་གྱིས“རིག་གནས་སྟོབས་ཤུགས་ལ་བརྟེན་ནས་འཐབ་ནུས་འཕེལ་བར་བྱེད། རིག་གནས་སྟོབས་ཤུགས་ནི་འཐབ་ནུས་ཡིན་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་ནང་དོན་ཕུན་སུམ་ཚོགས་ལ་འཁྲུག་ཆ་དོད་པས། གཞི་རིམ་དངོས་ཟོག་གྲབས་གསོག་མཁོ་སྤྲོད་དཔོན་དམག་ཚོར་ངོ་མཚར་ཆེ་བའི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་མ་ཟད། དམག་ཁུལ་ཁང་ཏང་ཨུད་ཀྱི་འགོ་ཁྲིད་པའི་ཐུགས་ཁུར་དང་དྲོ་སྐྱིད་ཀྱང་བརྒྱུད་སྤྲོད་བྱས་པར། དམག་མིའི་སེམས་ཤུགས་དང་དཔའ་ངར་སྔར་བས་གཅིག་ཏུ་བསྒྲིལ་བ་དང་དམག་ཆེད་དངོས་ཟོག་གྲབས་གསོག་མཁོ་སྤྲོད་འགན་ལེན་བྱེད་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་པ་རེད།
འབྲེལ་ཡོད་གསར་འགྱུར།