དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གིས་འཁོར་རིགས་ཀྱི་འཕྲུལ་ཆས་ལ་བདག་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    འདི་ནི་དཔོན་དམག་ཚོས་འཕྲུལ་ཆས་ལ་བདག་སྐྱོང་བྱེད་བཞིན་པ།

    ཉེ་ཆར་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གིས་ནམ་དུས་བརྗེ་བའི་བདག་སྐྱོང་གི་འགག་རྩའི་དུས་སྐབས་ལ་དམ་འཛིན་བྱས་ཏེ། འཁོར་རིགས་ཀྱི་འཕྲུལ་ཆས་ནམ་དུས་བརྗེ་བའི་བདག་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་དགུན་དུས་གསོ་རླུང་ཉུང་བ་དང་གྲང་ངར་ཆེ་བའི་ཁོར་ཡུག་ཁྲོད་སྒྲིག་ཆས་དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཐུབ་པར་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནམ་དུས་བརྗེ་བའི་བདག་སྐྱོང་འགོ་མ་ཚུགས་གོང་ཐོན་ཤོག་དེས་དཔུང་སྡེའི་དོན་དངོས་དང་ཟུང་འབྲེལ་གྱིས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ལས་འགན་ལས་བགོས་ཁ་གསལ་བཟོ་བ། བདག་སྐྱོང་གི་ནང་དོན་ཞིབ་ཕྲ་བཟོ་བ། བདེ་འཇགས་ཚད་གཞིར་ནན་བཤད་བཅས་བྱས་ནས། རྐང་འཛིན་ལས་བྱེད་པས་སྣེ་ཁྲིད་དེ་ལས་ཀ་བྱེད་པ་དང་དམག་མི་རྒན་གྲས་ཀྱིས་དམག་གསར་ཁྲིད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ནམ་དུས་བརྗེ་བའི་བདག་སྐྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།