ཆུ་ཁོངས་སྦྱོང་བརྡར་ལེགས་པར་སྤྲས། དམག་མིའི་རྩལ་ནུས་ཆེ་རུ་བཏང་།


པར་འདི་གཉིས་ནི་ཆེད་དོན་སྦྱོང་བརྡར་བྱ་ཡུལ་དངོས་ཡིན་པ།
ཆུ་ཁོངས་ཀྱི་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་ཐག་གཅོད་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ཆུ་ཁོངས་ཀྱི་རོགས་སྐྱོབ་སྒྲིག་ཆས་བཀོལ་སྤྱོད་དང་ཐག་འཕེན་ཁུག་མ་བེད་སྤྱོད་ཀྱི་ཆེད་དོན་སྦྱོང་བརྡར་བྱས་པ་རེད།
སྦྱོང་བརྡར་བྱེད་རིང་སློབ་ཁྲིད་དམག་དཔོན་གྱིས་སྲོག་སྐྱོབ་གྱོན་ཆས་དང་ཆུ་འགོག་རྨོག་ཞྭ་སོགས་སྒྲིག་ཆས་ཀྱི་ནུས་པ་དང་། གྱོན་རིམ། ཞིབ་བཤེར་གྱི་གཙོ་གནད་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། རུ་མིར་ཞིབ་བཤེར་ཡག་པོ་བྱས་ནས་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ད་དུང་སློབ་ཁྲིད་དམག་དཔོན་གྱིས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་ཏེ་ཐག་འཕེན་ཁུག་མ་བེད་སྤྱོད་བྱེད་སྟངས་སྣ་ཚོགས་བསླབས་ནས་སྒྲིག་ཆས་བེད་སྤྱོད་བྱེད་ནུས་དང་ཚོགས་པའི་མཉམ་ལས་བྱེད་ནུས་ཆེ་རུ་བཏང་ཡོད། ད་ཐེངས་ཀྱི་སྦྱོང་བརྡར་བརྒྱུད་མལ་གྲོ་གུང་དཀར་རྫོང་གི་མེ་གསོད་རོགས་སྐྱོབ་པའི་སྒྲིག་ཆས་བཀོལ་སྤྱོད་ཆུ་ཚད་མཐོ་རུ་ཕྱིན་ལ། ཆུ་ཁོངས་ཀྱི་འཕྲལ་སྡོམ་ཐག་གཅོད་ཀྱི་གཞི་རྩའང་བརྟན་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།