དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས།

    “གཅིག་ལྔ”ལ་བརྟེན་ནས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་སྤུས་རྟགས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    ན་ནིང་ཟླ་བ་དྲུག་པར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུཌ་འབྲེལ་གཏུག་ས་ཚིགས་ཀྱི་སྒོ་བྱང་བཀལ་ཞིང་། དེ་ཉིད་ཉིང་ཁྲི་གྲོང་ཁྱེར་གྱི“རྒྱལ་མཚོན་མིང་ཅན”གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་པོར་གྱུར་ཡོད། བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“གཅིག་ལྔའི”ལས་ཀའི་བསམ་ཕྱོགས་ལ་དམིགས་ནས་འབྲེལ་གཏུག་ས་ཚིགས་ཆུང་བ་ནས་ཆེ་བ་དང་ཆེ་བ་ནས་སྟོབས་ཆེའི་བར་སྐུལ་འདེད་བཏང་སྟེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཁྱད་ལྡན་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་སྤུས་རྟགས་བཏོད་ཡོད་པ་རེད།

    “དམིགས་ཚད་གཅིག”ལ་དམིགས་ནས་དམངས་འདོད་དང་ཁྲིམས་འཛུགས་ཀྱི“ཐབས་ལམ”ཤར་གཏོང་བྱས་པ།

    བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི“དམངས་འདོད་མཚོན་པའི་ཐབས་ལམ་ཤར་གཏོང་བྱས་ཏེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་རྒྱུ”དེ་འབྲེལ་གཏུག་ས་ཚིགས་ཀྱི་རྩ་བའི་དམིགས་ཚད་དུ་བརྩིས་ནས། གཞི་རིམ་གྱི་ཁྲིམས་འཛུཌ་འབྲེལ་གཏུག་ས་ཚིགས་དེ་དམངས་གཙོའི་འདུ་འགོད་དང་དམངས་སེམས་འདུ་འགོད་ཅིག་ཏུ་བཏོད་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རྒྱུན་མཐུད་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རིམ་ཁག་མི་དམངས་འཐུས་ཚོགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་ཀྱི“134”ཡི་ལས་ཀའི་བསམ་ཕྱོགས་དང་ཟུང་འབྲེལ་བཅས་བྱས་ཏེ་བཞུགས་མོལ་ཚོགས་འདུ་དང་། བགྲོ་གླེང་ཚོགས་འདུ། ས་གནས་ས་ཐོག་ཏུ་རྟོག་ཞིབ་སོགས་ལ་བརྟེན་ནས་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཡོད་པ་རེད།

    “ལམ་ལུགས་གཅིག”འཐུས་སྒོ་ཚང་དུ་བཏང་ནས་ཚད་ལྡན་དང་ནུས་ཆེའི་འཁོར་རྒྱུག་མ་ལག་བཏོད་པ།

    འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་ཀྱིས“ཚད་ལྡན་ཅན་བཞི”འཛུགས་སྐྲུན་ལ་གསར་གཏོད་སྐུལ་འདེད་གཏོང་བ་དང་རྒྱུན་ལས་ཨུ་ལྷན་གྱི་དོན་གྲོས་ལམ་སྲོལ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་སོགས་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་སྲོལ་འཛུགས་རྒྱུར་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་ཡོད། རྩ་འཛུགས་ཀྱི་སྒྲོམ་གཞིའི་ཐད་ཆུས་དེའི་མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ་དང་། བཅའ་ཁྲིམས་ལས་དོན་ཨུ་ལྷན་གྱིས་འགན་འཁུར་བ། སྡེ་ཚན་ཁག་གིས་མཐུན་སྦྱོར་བྱེད་པ། རིགས་གཅིག་མཁས་ཅན་དང་འཐུས་མི་གཞོགས་འདེགས་བྱེད་པ། སྤྱི་ཚོགས་དེའི་ནང་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བསྐྲུན་པ། ལམ་ལུགས་འཛུགས་སྐྱོང་ཐད་ལས་ཀའི་སྒྲིག་སྲོལ་དང་། འགན་འཁྲི། བྱ་དགའ་སྤྲོད་ཐབས་སོགས་ཀྱི་ལམ་ལུགས་ཁག་ལྔ་བཟོས་ནས་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་གྱི་སྐུལ་ལྕག་ལམ་སྲོལ་ལག་བསྟར་བྱས་ཏེ། བསམ་འཆར་བསྡུ་ལེན་བྱས་ཚུལ་དང་དེ་བཞིན་བརྡ་ཁྱབ་གཟེངས་བསྟོད་དུས་ཐོག་ཏུ་བྱས་ནས་སྤྱི་དམངས་ཞུགས་པའི་སྤྲོ་སེམས་འཕེལ་བ་བྱས་པ། བརྒྱུད་རིམ་ཚད་ལྡན་གཏོང་བའི་ཐད“ཆ་འཕྲིན་ཁྱབ་བསྒྲགས་དང་། བསམ་འཆར་བསྡུ་རུབ། ལེགས་སྒྲིག་ཕྱོགས་བསྡུས། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ། དུས་ཐོག་ལན་སློག གྲུབ་འབྲས་བཀོལ་སྤྱོད”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་བརྒྱུད་རིམ་བཏོད་དེ“རིམ་གསུམ་ཞིབ་དཔྱད”ལམ་ལུགས་གསར་གཏོད་ཀྱིས་བཙུགས་ནས་ཆ་འཕྲིན་མཁན་གྱིས་ལེགས་སྒྲིག་དང་། ཁྲིམས་རྩོད་པས་འགག་སྒོ་སྲུང་བ། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་བྱེད་པ་བཅས་བརྒྱུད་ཁྲིམས་འཛུགས་བསམ་འཆར་གྱི་སྤུས་ཚད་འགན་ལེན་བྱས་ཡོད།

    “དཔུང་ཁག་གཅིག”སྟོབས་ཆེར་བཏང་ནས་ཁྲིམས་འཛུགས་ལ་ཞུགས་པའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་པ།

    བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་འཛིན་དང་ཁྲིམས་ཁང་སོགས་ཆེད་ལས་ཤེས་ལྡན་པ་5སྒྲིག་འཛུགས་བྱས་ནས་ཁྲིམས་འཛུགས་བློ་འདྲིའི་ཚོགས་པ་བཙུགས་ཏེ། འབྲེལ་གཏུག་པ་དང་ཆ་འཕྲིན་པ་63དང་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་448བསྡུས་ནས། ཆུས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་8ལ་ཁྱབ་པའི་ཁྲིམས་འཛུགས་འདྲི་རྩད་དཔུང་ཁག་བཏོད་དེ། གནས་རྒྱུད་ཁྱོན་མཉམ་སྒུལ་གྱི་ཡུལ་བབ་དམངས་འདུན་བསྡུ་རུབ་ཀྱི་རྣམ་པ་ཆགས་ཡོད། ཁྲིམས་འཛུགས་འདྲི་རྩད་ཁྲོད་ཁྲིམས་རྩོད་པ་མི་ཐེངས་50ལྷག་ཙམ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་100ལྷག་ཙམ། གཞི་རིམ་གྱི་མང་ཚོགས་མི་ཐེངས་500ལྷག་ཙམ་བཅས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅས་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐྱེ་ཁམས་ཁྲིམས་གཞུང(འཆར་ཟིན)》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་24ཡི་བསམ་འཆར་བསྡུ་རུབ་ནང་ཞུགས་པ་དང་། བསམ་འཆར་ཁག་44བསྡུ་རུབ་བྱས་ནས“མང་ཚོགས་ཀྱི་ངག་ཐོག་སྐད་ཆ”དེ“ཁྲིམས་ལུགས་སྐད་ཆར”བསྒྱུར་བར་བྱས་པ་དང་། དེའི་ཁྲོད་ཆུ་འགྲམ་སྡེ་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་སྒྲོན་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག》ལ་བཏོན་པའི་བཟོ་བཅོས་བསམ་འཆར་ཁག་2བསྡུ་ལེན་བྱས་ཡོད་པ་རེད།

    འབྲེལ་གཏུག་བྱེད་ས་གཅིག་རྒྱ་སྐྱེད་བཏང་ནས་མང་ཚོགས་ཞུགས་པའི་དྲ་ཚགས་དམ་དུ་བཏང་བ།

    བྲག་ཡིབ་ཆུས་ཀྱིས་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དང“འཐུས་མིའི་འབྲེལ་གཏུག་ས་ཚིགས”སོགས་ལས་སྟེགས་དང་ཟུང་འབྲེལ་བྱས་ཏེ“འབྲེལ་གཏུག་ས་ཚིགས་གཞུང་ལས་ཁང་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)‘ཁྱིམ་གཞིས’9 གྲོང་ཚོ(གྲོང་ལྷན)‘ས་ཚིགས’16 ཁྲིམས་སྒྱུར་འབྲེལ་གཏུག་ཚན་པ་19”བཅས་ཟུང་དུ་འབྲེལ་བའི་རིམ་བཞིའི“དབང་རྩའི་དྲ་རྒྱ”བསྐྲུན་ཡོད་པ་རེད། རྟེན་གཞི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་52བཏང་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”4མཐོར་གཏོང་སྒྱུར་བཀོད་བྱས་པ་དང་། “འཐུས་མིའི་འབྲེལ་གཏུག་ས་ཚིགས”4བསྐྲུན་ནས་བུ་ཆུ་ཤང་འབྲུག་མཆོད་རྟེན་གྲོང་ཚོར“ཁྲིམས་སྐྱོང་སྒོ་ར་ཆུང་ངུ”དང་ཤིང་ཁང་བརྒྱབ་པ། ལིན་ཧྲེང་མེ་ཏོག་ལྡུམ་རར“དམངས་འདོད་སེམས་སྦྲེལ་ཁང་པ”བསྐྲུན་ནས་ཁྲིམས་སྐྱོང་གི་གཞི་རྒྱུ་མང་ཚོགས་ཀྱི་འཚོ་བའི་རྣམ་པ་དང་མཉམ་འདྲེས་ཐུབ་པར་བྱས་ཡོད། ཁྲིམས་སྐྱོང་དྲིལ་བསྒྲགས་ཐད་རྩ་ཁྲིམས་དང་བཅའ་ཁྲིམས་ཁྱབ་གདལ་གྱི་གསལ་ཐོའི་ལས་འགན་དོན་འཁྱོལ་བྱས་ཤིང་། མི་ཐེངས་22ཀྱིས་རྩ་ཁྲིམས་ཀྱི་དམ་བཅའ་བཞག་པ་དང་། བཅའ་ཁྲིམས་ཀྱི་འཆད་ཁྲིད་སྤེལ་བ། “ཁྱིམ་གྱི་སྒོ་འགྲམ་དུ་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་སྤེལ་ནས་བཅའ་ཁྲིམས་སྣ་མང་ལ་དམིགས་ཏེ་ཁྲིམས་སྒྱུར་ཞིབ་བཤེར་ཐེངས་5བྱས་པ་དང་། གྲོས་འགོ་ཁག་28བཏོན་པ། གྲོས་འགོ་ཁག་19སྒྲུབ་གཉེར་ཟིན་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་2ལ་ཞིབ་བཤེར་བཅས་བྱས་ནས“ཡིག་ཆ་ཡོད་ཕྱིན་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་། སྙན་ཐོ་དཔོད་ཕྱིན་ངེས་པར་དུ་ཞིབ་བཤེར་བྱེད་པ། ནོར་འཁྲུལ་ཡོད་ཕྱིན་ངེས་པར་དུ་ཡོ་བསྲང”བཅས་ཐུབ་པའི་འགན་ལེན་བྱས་ཡོད།

    “འདེགས་སྐྱོར་གཅིག”སྲ་བརྟན་དུ་བཏང་ནས་ལས་ཀའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་བ།

    བྲག་ཡིབ་ཆུས་ཀྱིས་རྩ་འཛུགས་དང་། འགྲོ་གྲོན། ལག་རྩལ་བཅས་ཕྱོགས་གསུམ་གྱི་ཐད་ནས་འདེགས་སྐྱོར་མ་ལག་བཙུགས་ཏེ་འབྲེལ་གཏུག་བྱ་ཡུལ་གྱི་གཉེར་སྐྱོང་ལ་གཡས་གཞོཌ་གཡོན་འདེགས་བྱེད་ཀྱི་ཡོད། རྩ་འཛུགས་ཐད་དགོངས་སྐོར་སྙན་ཞུའི་ལམ་ལུགས་མཐའ་འཁྱོངས་དང་འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། འབྲེལ་གཏུག་ཚན་པ་དང་ཤང་གྲོང(ཁྲོམ་གཞུང)མི་དམངས་འཐུས་ཚོགས་དབར་གྱི་མཐུན་སྦྱོར་ལས་སྒྲུབ་ལ་སྐུལ་འདེད་བཏང་བ་དང་། འགྲོ་གྲོན་ཐད་ལོ་ལྟར་ཆེད་དམིགས་ཀྱི་འགྲོ་གྲོན་སྒོར་ཁྲི་2ནུས་ཆེའི་སྒོ་ནས་སྤྱད་དེ་ལས་ཡུལ་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་འགྲོ་སོང་འགན་ལེན་བྱས་པ། ལག་རྩལ་ཐད་ཁྲིམས་འཛུགས་བློ་འདྲིའི་APPགསར་སྤེལ་བྱས་པ་དང་། རྩ་གཉིས་ཨང་རྟགས“ཧྥ་ཞའོ་ལིན”ཞེས་པ་བཙུགས་པ། ཁྲིམས་འཛུགས་ཀྱི་གྲོས་འགོ“མཐེབ་གཅིག་སྙན་སེང”བཙུགས་པ་བཅས་བྱས་ནས་ལས་ཕྱོད་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།