དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།

    “འཁོར་གསུམ་སྦག་སྦག”གི་ཁྲིམས་འགལ་བྱེད་སྤྱོད་ཁག་379ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    ཉེ་དུས་སྐོར་སྐྱོད་ཚོང་པས་རང་དགར་རླངས་འཁོར་ཁ་བཀག་ནས་གཉེར་སྐྱོང་བྱེད་པའི་བྱེད་སྤྱོད་ཀྱིས་རྡུང་བ་དང་བརྡར་བ་སོགས་ཀྱི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་མང་དུ་སོང་ནས། རྒྱུན་གཏན་གྱི་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བཤིག་ཐེབས་པ་དང་འགྲོ་ལམ་འགག་ཚད་མང་དུ་ཕྱིན་ཏེ། མང་ཚོགས་ལ་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་ཡོད།

    མང་ཚོགས་ཀྱི་སེམས་ནད་དེ་སེལ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་གློག་སྒུལ་སྦག་སྦག་གི་འཁོར་རྟགས་དང་ལག་ཁྱེར་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་འགྲིམ་འགྲུལ་ལས་འཛོལ་མ་ཐོན་སྔོན་འགོག་དང་ཉུང་དུ་བཏང་ནས། འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་ཚད་ལྡན་དུ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། “ད་ཐེངས་ཀྱི་བྱ་སྤྱོད་ལས“‘འཚང་གཡོལ་དང་དུས་འགྱངས’ཟུང་དུ་འབྲེལ་བའི་གཞུང་ལས་སྒྲུབ་སྟངས”དང‘ཁྲིམས་སྒྱུར་དང་དྲིལ་བསྒྲགས'མཉམ་དུ་སྤེལ་བའི་བྱེད་ཐབས་སྤྱད་དེ་སྔ་དགོང་གཉིས་ཀྱི་མི་འགྲུལ་ཆེ་བའི་དུས་སུ་སྐོར་གཡེང་བྱེད་ཐེངས་མང་དུ་གཏོང་བ་དང་འགྲིམ་འགྲུལ་འགག་སའི་ལམ་དུམ་དང་། ཚོང་སྐོར། སློབ་གྲྭའི་མཐའ་འཁོར་སོགས་གཙོ་གནད་ས་ཁོངས་སུ‘གནས་གཏན་འཁེལ་དང་སྐོར་སྐྱོད’ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ལྟ་འདོམས་བྱས་ནས‘ཐར་པར་གཏན་ནས་མི་གཏོང་བའི’བྱ་ཐབས་ལ་བརྟེན་ཏེ་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་ལ་ཞིབ་བཤེར་ནན་པོ་བྱས་ཡོད”ཅེས་བཤད།

    བསྡོམས་རྩིས་རཌ་ཙམ་བརྒྱབ་པར་གཞིགས་ན། ཆེད་དོན་བཅོས་སྒྲིག་བྱས་ཚུན། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རིམ་རྩིས་བརྒྱབ་ན་ཉེན་རྟོག་པ་མི་ཐེངས་629དང་ཉེན་རྟོག་པའི་རླངས་འཁོར་ཐེངས་གྲངས135བཏང་ནས་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁག་379ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་11སྲིད་འཛིན་བཀག་ཉར་བྱས་པ། སྦག་སྦག་20དབོར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།