ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།
སྔོ་ཚལ་དྲོད་ཁང་ཆེན་པོའི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ།
སྔོ་ཚལ་དྲོད་ཁང་ཆེན་པོའི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་མེ་སྐྱོན་གྱི་ལས་འཛོལ་མ་ཐོན་སྔོན་འགོག་ནུས་ལྡན་བྱ་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དྲོད་ཁང་ཆེན་པོའི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་རེད།
བཀོད་སྒྲིག་ཞིབ་ཚགས་བྱས་ནས་འགན་འཁྲི་ནན་དུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཆེད་དོན་བཀོད་གཏོང་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་བཤེར་གྱི་འཆར་གཞི་བཟོས་པ་མ་ཟད། ཞིབ་བཤེར་གྱི་གཙོ་གནད་ཀྱང་ཁ་གསལ་བཏོན་ཏེ་འགན་ནུས་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་ཚོགས་ཆུང་བཙུགས་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་ཁྲིམས་སྒྱུར་གྱི་ལམ་སྲོལ་བཟོས་ཏེ་ལས་ཀའི་མཉམ་ཤུགས་ཆགས་ནས་གོ་རིམ་ལྡན་པའི་ངང་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་ཡོད།
ཁྱོན་ཡོངས་ནས་གྲལ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་བསལ་ཞིང་། ཞིབ་བཤེར་ཚོགས་ཆུང་ཁོངས་གཏོགས་ཁུལ་གྱི་དྲོད་ཁང་ཆེན་པོ་མང་པོ་ཡོད་སར་བསྐྱོད་དེ། “ལེབ་བཤེར”བྱས་ནས་དྲོད་ཁང་ཆེན་པོའི་གློག་ལམ་དང་སོལ་རླངས་ཀྱི་མདོང་ལམ་བཀོད་སྒྲིག་ལུགས་དང་མཐུན་མིན་དང་། འཚོ་བའི་ཁུལ་གྱི་མེ་བེད་སྤྱོད་དང་སོལ་རླངས་བདེ་འཇགས་ཡོད་མེད། མེ་ཟོན་སྒྲིག་ཆས་ཆ་ཚང་མིན་དང་གོ་ཆོད་མིན། བདེ་འཇགས་ཐོན་སྒོ་དང་ཁ་འགྲེམས་བགྲོད་ལམ་ཤར་གཏོང་ཡིན་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ཡོད། ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་གཉེར་སྐྱོང་མཁན་ལ་འཕྲལ་མར་བཅོས་སྒྲིག་བྱེད་དུ་བཅུག་ནས་མངོན་མེད་རྐྱེན་ངན་ཡོད་རིགས་ལ་རྩིས་ཁྲ་དང་བཅོས་སྒྲིག་གི་འགན་འཁུར་མཁན་དང་བཅོས་སྒྲིག་གི་དུས་བཀག་བཅས་ཁ་གསལ་བཟོས་ནས་མངོན་མེད་རྐྱེན་ངན་བཅོས་སྒྲིག་གནད་འཁེལ་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔའི་བར། སྔོ་ཚལ་དྲོད་ཁང་ཆེན་པོ་ཁག་18ལ་ཞིབ་བཤེར་བྱས་པར། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་18ལ་བཅོས་སྒྲིག་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད།
དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་འདུ་ཤེས་ཟབ་ཏུ་བཏང་ཞིང་། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་མེ་ཟོན་དྲིལ་བསྒྲགས་པས་དྲོད་ཁང་ཆེན་པོ་གཉེར་སྐྱོང་མཁན་ལ་མེ་སྐྱོན་སྔོན་འགོག་དང་། མེ་རོ་གསོད་ཐབས། སྲོག་ཉེན་ལས་ཐར་ཐབས་དང་རང་སྐྱོབ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། དྲིལ་བསྒྲགས་ལས་དོན་སྤེལ་ཚུན། དཔྱད་གཞི་སྣ་ཚོགས་1400ལྷག་ཙམ་བཀྲམ་པ་དང་། རྒྱ་ཁྱབ་བརྡ་ཆ་270ལྷག་ཙམ་སྦྱར་བ། མེ་ཟོན་བདེ་འཇགས་རྒྱུན་ཤེས་ཀྱི་ཆ་འཕྲིན་ཁག་120ལྷག་ཙམ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།