ལྗོངས་ཡོངས་ཀྱི“སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་དཔེ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་། རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་དཔེ་སྟོན་བྱེད་སྒོ་རབ་དང་རིམ་པ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར་སྤེལ་ནས་དགེ་སློབ་ཚོར་གསོན་ཉམས་དོད་པའི་ཁྲིམས་སྐྱོང་སློབ་ཚན་ཞིག་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གཙོ་གཉེར་ཕྱོགས་ཀྱིས་ཐོག་མར་སློབ་གྲྭའི་བརྙས་བཅོས་དང་ཁྲིམས་འགལ་གྱི་གནོད་འཚེའི་སྐོར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བརྙན་ལམ་བསྟན་ནས་འགུལ་རིས་ཀྱི་གསལ་འགྲེལ་བྱེད་སྟངས་བརྒྱུད། སློབ་མ་ཚོར་སློབ་གྲྭའི་ནང་གནས་སྲིད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་དེ་བཞིན་ཁྲིམས་འགལ་གྱི་གནོད་འཚེ་ཕོག་སྐབས་ཁ་གཏད་ཡང་དག་གཅོག་སྟངས་བསྟན་ནས་སློབ་མ་ཚོར་རང་ཉིད་ལ་སྲུང་སྐྱོང་ཡག་པོ་བྱེད་སྟངས་སློབ་ཡོད། བརྙན་ལམ་བསྟན་རྗེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་མི་དམངས་ཉེན་རྟོག་པས་དགེ་སློབ་ཚོར་ཁྲིམས་སྐྱོང་གི་འཆད་ཁྲིད་ཕུལ་དུ་བྱུང་བ་ཞིག་བྱས་ཡོད། ཞིབ་དཔྱོད་དཔོན་གྱིས་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གོ་བདེ་ཤེས་སླའི་ངང་གསལ་འགྲེལ་བྱས་ནས་སློབ་མ་ཚོར་ཡང་དག་པའི་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་། མི་དམངས་ཉེན་རྟོག་པས་བཅའ་ཁྲིམས་བདེ་འཇགས་ནས་འགོ་བཙུགས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་གྱོད་དཔེར་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་གསལ་འགྲེལ་བྱས་ཤིང་། སློབ་མ་ཚོར་བཅའ་ཁྲིམས་སྒྲིག་སྲོལ་ལ་སྲུང་བརྩི་ཞུས་ཏེ་བདེ་འཇགས་ཕྱིར་སྐྱོད་ཐུབ་རྒྱུའི་དྲན་སྐུལ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།