དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་ཞིབ་བཤེར་རུ་ཁག་གཉིས་པས།

    དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-30

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་འགོག་སྲུང་གི་རྩལ་ནུས་ཆེ་རུ་ཏན་ཏིག་བཏང་ནས་བདེ་འཇགས་དང་། བདེ་ཐང་། ཤེས་དཔལ་བཅས་ཀྱི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་ཆེད། ཉིན་ཤས་གོང་། བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་ཞིབ་བཤེར་རུ་ཁག་གཉིས་པས“དམངས་ཀྱི་ཆེད་དུ་དྲ་རྒྱའི་བདེ་འཇགས་སྲུང་། དྲ་རྒྱའི་བདེ་འཇགས་མི་དམངས་ཡོངས་ལ་བརྟེན”ཞེས་པའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མི་སྣ་འགྲོ་འོང་བྱེད་མང་བའི་ཁྲོམ་ར་དང་སྡེ་ཁུལ་གྱི་ཐང་ཆེན་སོགས་སུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་འགྲེམས་པང་འཛུགས་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད། མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། དྲ་རྒྱའི་དཀྲོག་གཏམ་སོགས་རྒྱུན་མཐོང་གི་གནད་དོན་ལ་དམིགས་ཏེ། གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་། ས་གནས་ས་ཐོག་ཏུ་དྲི་བར་ལན་བརྒྱབ་ནས་ཚང་མར་དོགས་ཟོན་ཆེར་སྐྱེད་དང་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད། ད་ཐེངས་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་100ལྷག་ཙམ་སྤྲད་པ་དང་། མི་ཐེངས་10ལྷག་ཙམ་གྱི་དྲི་བར་ལན་བརྒྱབ་པ་དེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་མི་ཐེངས་100ལྷག་ཙམ་ལ་ཁྱབ་ཡོད། བྱེད་སྒོ་སྣ་ཚོགས་བརྒྱུད། དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་འགོག་ཟོན་གྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།