2025ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། 2025ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཉིན་མོའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
བྱེད་སྒོར་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གློག་བརྙན་ལ་ལྟ་བ་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་བརྗོད་དོན་གཙོ་བོ་སྒྲོག་འགྲེལ་བྱེད་པ། ལས་རིགས་ཁག་གི་འཐུས་མི་སྒྲིག་འཛུགས་བྱས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་གྲོས་འགོའི་ཡི་གེ་སྒྲོག་སྦྱང་བྱེད་པ། དེ་བཞིན་དྲ་རྒྱའི་ཤེས་བྱ་སྐོར་གྱི་དྲི་བར་མཉམ་འགུལ་ཐོག་ནས་ལན་འདེབས་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད། ཚོགས་ཞུགས་མི་སྣར་དྲ་རྒྱའི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་ནས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།