ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གིས་ས་ཡོམ་གྱི་འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་བྱས་པ།

འདི་ནི་ནང་སྦྱོང་བྱེད་སྐབས་སློབ་མ་ཚོ་གོ་རིམ་ལྡན་པའི་ངང་བདེ་འཇགས་ས་ཁུལ་དུ་བྲོས་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གིས་ཁ་རུབ་ཆུས་དམའ་འབྲིང་དང་པོར་བསྐྱོད་དེ་སློབ་གྲྭ་དང་མཉམ་དུ་ས་ཡོམ་གྱི་འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་སྒྲིག་འཛུགས་བྱས་པ་དང་། “དངོས་འཐབ་ཅན”གྱི་རྣམ་པར་བརྟེན་ནས་དགེ་སློབ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ། སློབ་གྲྭའི་འཕྲལ་སྡོམ་ཉེན་གཡོལ་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་བ་རེད།
ད་ཐེངས་ནང་སྦྱོང་བྱས་པ་ལས་ས་ཡོམ་རྒྱག་སྐབས་དགེ་སློབ་ཀྱི་འཕྲལ་སྡོམ་ཉེན་གཡོལ་འདུ་ཤེས་དང་། རང་སྐྱོབ་དང་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་དུས་བདེའི་སློབ་གྲྭ་འཛུགས་སྐྱོང་ལ་འགན་སྲུང་ནུས་ལྡན་ཐུབ་པ་རེད།
འབྲེལ་ཡོད་གསར་འགྱུར།