གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་པ།
ཞིང་འབྲོག་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་རུ་གཏོང་བ་དང་། “གྲོང་གསེབ་ཏུ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས”ཀྱི་བྱེད་སྒོར་མུ་མཐུད་སྐུལ་འདེད་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་དྲིལ་བསྒྲགས་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་གིས་ཁོངས་གཏོགས་ཁུལ་གྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་ནས། མེ་ཟོན་བདེ་འཇགས་གཅིག་སྡུད་དྲིལ་བསྒྲགས་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་དང་མཉམ་འདྲེས་དངོས་འབྲེལ་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།