ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།
“ཁྱིམ་ཚང་དང་། སློབ་གྲྭ། ཁྲིམས་ཁང”བཅས་མཐུན་སྦྱོར་ མཉམ་འགུལ་གྱི་ལམ་སྲོལ་ཧུར་ཐག་བཏོད་པ།

འདི་ནི་སློབ་འགོ་ཚུགས་སྐབས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་སློབ་གྲྭར་བསྐྱོད་དེ་བཅའ་ཁྲིམས་ཤེས་བྱ་གསལ་འགྲེལ་རྒྱག་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི་ལོ་ཆུང་ཁྲིམས་ཁང་གི“སྤང་རྒྱན་མེ་ཏོག”འཆར་གཞི་ཁྲིད་སྟོན་དུ་བྱས་ནས“ཁྱིམ་ཚང་དང་། སློབ་གྲྭ། ཁྲིམས་ཁང”བཅས་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་ཧུར་ཐག་བཏོད་པ་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲཌ་དང་། ཁྲིམས་སྐྱོང་སློབ་གསོ། ཁྱད་ལྡན་ལས་དོན་ཁང་འཛུགས་སྐྱོང་སོགས་བྱ་ཐབས་སྣ་མང་བརྒྱུད་གཞི་རིམ་ཁྲིམས་ཁང་ཁག་གིས་དུས་མཉམ་དུ་དང་ལེན་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་གི་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱིས་ལག་ལེན་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་དྲ་བ་ཐུན་མོང་ཐོག་ཚགས་དམ་དུ་བཏང་ཡོད།
འཆར་གཞིའི་ལག་ལེན་གལ་ཆེན་ཞིག་ཡིན་པའི་ངོས་ནས། ནག་ཆུ་ཁྲིམས་ཁང་གིས“མང་ཚོགས་ཀྱིས་དོན་དག་ཤོད་པ་དང་ཁྲིམས་དཔོན་གྱིས་ཁྲིམས་ལུགས་ཤོད་པའི”ཁྲིམས་ལུགས་ཁྱབ་གདལ་ས་ཚིགས་ལ་བརྟེན་ནས། ཁྲིམས་དཔོན་གྱིས་ལས་རེས་ཞུ་བཅར་དང་ལེན་བྱེད་པའི་ལམ་སྲོལ་བཙུགས་པ་དང་། “དོན་ཆུང་གི་ཉེས་ཁྲིམས་འགོག་པའི”བརྗོད་དོན་གཙོ་བོ་སྡེ་ཁུལ་དུ་ཁྱབ་གདལ་གཏིང་ཟབ་བཏང་ཞིང་། ཁྱིམ་མཚེས་དབར་གྱི་རྩོད་གཞི་ཉེས་དོན་གྱོད་གཞིར་གྱུར་བའི་གྱོད་དཔེ་དངོས་དྲངས་ཏེ་གྲོང་མི་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་ཁྱིམ་མཚེས་དང་འབྲེལ་འདྲིས་བྱེད་རིང་སྒྲིག་སྲོལ་ལ་སྲུང་བརྩི་དང་གནོད་སྐྱོན་ཆུང་དུས་ནས་སེལ་བའི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པར་བྱས་ཏེ་གྲོང་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།
“ཁྱིམ་ཚང་དང་། སློབ་གྲྭ། ཁྲིམས་ཁང”བཅས་ཕྱོགས་གསུམ་མཉམ་འགུལ་གྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཕྱོགས་ཡོངས་ཀྱི་སྲུང་སྐྱོང་བྱེད་སྟངས་གྲུབ་པར་བྱས་ཤིང་། ཁྱིམ་ཚང་གིས་མཐའ་ཚད་ཀྱི་དྲན་སྐུལ་གཏོང་བ་དང་། སློབ་གྲྭས་བར་ཐག་གི་འདུ་ཤེས་སྐྱོང་བ། ཁྲིམས་འཛིན་གྱིས་དྲང་གཞག་དྲང་བདེན་མངོན་པ་བཅས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མི་བདེ་འཇགས་ངང་འཚར་ལོངས་ཡོང་བར་ཁོར་ཡུག་ཅིག་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།