བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཏང་འཛུགས་སྐྱོང་གི་མཉམ་གཏོད་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ།

འདི་ནི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་ལས་ཁུངས་ཏང་ཀྲི་པུའུ་ཡིས་ལྷོ་ཁའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་དང་མཉམ་པར་རྒྱག་བཞིན་པ།

འདི་ནི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་ལས་ཁུངས་ཏང་ཀྲི་པུའུ་ཡིས་ལྷོ་ཁའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་དང་ཏང་འཛུགས་སྐྱོང་གི་མཉམ་གཏོད་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཏང་འཛུགས་སྐྱོང་གི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱེད་པ་དང“ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། མཉམ་འབྲེལ་མཉམ་སྐྲུན། ཐུན་མོང་མཐོར་གཏོང”བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཆེད། ཉེ་ཆར། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གི་ལས་ཁུངས་ཏང་ཀྲི་པུའུ་ཡི་མི་17ལྷོ་ཁའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་དུ་བསྐྱོད་ནས། མངགས་གཏོང་ཁང་དེའི་ཏང་ཀྲི་པུའུ་དང“ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སྐྱེད་སྲིང”བཅས་བརྗོད་དོན་གཙོ་བོར་བྱས་པའི་ཏང་འཛུགས་སྐྱོང་གི་མཉམ་གཏོད་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ནས“རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ལག་ལེན་སྦྱོང་བརྡར། སྤྱོད་ཚུལ་འཇཌ་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ”བཅས་གཞི་གཅིག་ཏུ་འདུས་པའི་ཏང་གཤིས་སློབ་གསོའི་ལས་སྟེགས་ཐུན་མོང་ཐོག་བཏོད་ཡོད།
ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གི་ལས་ཁུངས་ཏང་ཀྲི་པུའུ་དང་བཅས་པས་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་སྒར་རིག་གནས་འཛུགས་སྐྱོང་དང་མཚན་སྙན་ཁང་དུ་གཙོ་གནད་ཐོག་ལྟ་སྐོར་བྱས་ནས། མངགས་གཏོང་ཁང་དེ་བཙུགས་ཚུན་གྱི་གཟི་བརྗིད་ལྡན་པའི་མཐའ་སྲུང་ལོ་རྒྱུས་དང་དེ་བཞིན་ཉེ་བའི་ལོ་ཤས་རིང་ཏང་འཛུགས་སྐྱོང་དང་། མཐའ་མཚམས་དོ་དམ་ཚོད་འཛིན། རང་འགུལ་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་མཉམ་འདྲེས་སོགས་ཐད་ཀྱི་གྲུབ་འབྲས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། “ལས་ཀ་སྡུག་པོ་མྱོང་བར་བརྩིས་ནས་དུས་ཚོད་འཕྲོ་བརླག་བཏང་བ་ལས་དཀའ་བ་སྤྱད་ནས་ལང་ཚོ་སྐྱེས་སུ་འབུལ་ན་དགའ་བའི”མངགས་གཏོང་ཁང་དེའི་སྦྱོང་བརྡར་གྱི་སྙིང་སྟོབས་ཕྱོགས་ཡོངས་ནས་མངོན་ཡོད། དེ་རྗེས་མཉམ་སྐྲུན་ཕྱོགས་གཉིས་པོས“མཐའ་སྲུང་གི་བྱ་བ་མཉམ་དུ་གླེང་བ་དང་བློ་སེམས་གཅིག་སྒྲིལ་གྱིས་འབད་འབུངས་མདུན་སྐྱོད་བྱེད་པའི”སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཚོགས་ཞུགས་མི་དམངས་ཉེན་རྟོག་པའི་འཐུས་མི་དང་རང་སོའི་ལས་གནས་ཀྱི་དོན་དངོས་ཟུང་འབྲེལ་གྱིས། མཐའ་མཚམས་སུ་གཞིས་ཚུགས་པའི་འཚོ་བའི་ཁྲོད་ཀྱི་དོན་ཆུང་ནས་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་དོ་དམ་ཚོད་འཛིན་གྱི་ལས་ཀའི་གཙོ་གནད་བར་དངོས་སྒྲུབ་ཕན་ཆེའི་སྤེལ་རེས་བྱས་ཏེ། བསམ་བློའི་སྤེལ་རེས་ཁྲོད་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་བདེ་འཇགས་དང་འགག་སྒོའི་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།