དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས།

    སྟོན་ཀར་དམག་ཞབས་ཐིམ་པའི་བཀོད་འཐབ་པར་ཕེབས་སྐྱེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-30

     འདི་ནི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་སྟོན་ཀར་དམག་ཞབས་ཐིམ་པའི་བཀོད་འཐབ་པར་ཕེབས་སྐྱེལ་ཞུ་བཞིན་པ།

    ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་རུ་འབྲིང་དང་པོའི་དམག་སྒར་དུ་མི་སེམས་སྐྱོ་བའི་ཞལ་གྱེས་ཞུ་བཞིན་ཡོད། བཀོད་འཐབ་པ་ཡོངས་ཀྱིས་བླ་ན་མེད་པའི་གུས་བཀུར་གྱི་ཐོག་ནས་ལས་འགན་ལེགས་འགྲུབ་བྱུང་སྟེ་གཟི་བརྗིད་ངང་ཕ་ཡུལ་དུ་ལོག་ཉེར་ཡོད་པའི་སྟོན་དུས་དམག་ཞབས་ཐིམ་པའི་བཀོད་འཐབ་པ་4ལ་དགའ་སྐྱེལ་མཛད་སྒོ་འཚོགས་ཏེ་དེ་སྔ་དཔུང་པ་མཉམ་གཤིབ་ཀྱི་འཐབ་གྲོགས་ཚོར་ཞལ་གྱེས་ཞུས་པ་རེད།

    བཀོད་འཐབ་པ་ཡོངས་རུ་བསྒྲིགས་ནས་རྣམ་འགྱུར་གཟབ་ཅིང་ནན་ཞིང་། རུ་འབྲིང་གི་གཙོ་དཔོན་གྱིས་བརྩེ་དུང་ཟབ་མོས་གསུང་བཤད་གནང་ནས་དམག་ཞབས་ཐིམ་པའི་བློ་མཐུན་བཞི་ཡིས་རུ་འབྲིང་འཛུགས་སྐྲུན་དང་། བོད་ཀྱི་ནགས་ཚལ་མེ་ཟོན་ལས་དོན། ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།