དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ལགས། ཁྱེད་ཅག་གིས་དྲོ་སྐྱིད་དང་དགའ་ཚོར་བསྣམས་ནས་ལམ་བུ་གསར་པར་སྐྱོད་ཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-30

    འདི་ནི་སྦྱོང་བརྡར་བྱ་ཡུལ་དུ་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཀྱིས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ཡངས་པ་ཅན་གྱི་སྦྱོང་བརྡར་བྱ་ཡུལ་དུ་2025ལོ་འཁོར་གྱི་དབྱར་དུས་དང་སྟོན་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དམག་སྒར་དུ་ལོག་པར་ཕེབས་སྐྱེལ་ཞུས་ཏེ། གཟི་བརྗིད་ཆེ་བའི་དམག་དཔུང་གི་འཚོ་བར་རྫོགས་ཚིག་བཀོད་པ་རེད།

    སྦྱོང་བརྡར་བྱ་ཡུལ་ནས་སྒར་ཁུལ་དུ་མ་ལོག་གོང་དུ། དཔུང་སྡེ་དེས་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཀྱི་ཇ་སྟོན་ཚོགས་འདུ་སྒྲིག་འཛུགས་བྱས་ཤིང་། ཚང་མ་མཉམ་དུ་བསྡད་ནས་ཅི་བསམ་ལྷུག་པོར་གླེང་སྟེ་དམག་སྒར་གྱི་འདས་དོན་སྣ་ཚོགས་ལ་ཕྱིར་དྲན་བྱས་པ་རེད།

    བཅའ་སྡོད་བྱ་ཡུལ་དུ་དམག་ཞབས་ཐིམ་པའི་དམག་མི་དམག་སྒར་དུ་ལོག་པར་ཕེབས་སྐྱེལ་ཞུ་སྐབས། དཔུང་སྡེ་དེའི་དཔོན་དམག་རྣམས་འདུ་འཛོམས་བྱ་ཡུལ་དུ་རང་འགུལ་ངང་འཛོམས་ཏེ་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་རྣམས་ལ་རེ་རེ་བཞིན་དཀར་གཙང་གི་ཁ་བཏགས་གཡོགས་པ་དང་། དེ་རྗེས་ལམ་གྱི་གཞོགས་གཉིས་སུ་གྲལ་སྟར་བསྒྲིགས་ནས་དམག་མི་རྒན་གྲས་རྣམས་སྦྱོང་བརྡར་བྱ་ཡུལ་ནས་གྱེས་པར་ལག་པ་གཡུག་གཡུག་ངང་སྐྱེལ་མ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།