དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“ཆང་རག་བཏུངས་ནས་མཚན་གཅིག་སོང་བའི་འཁོར་གཏོང”ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-23

    འདི་ནི་མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་པའི་འཁོར་རིགས་ལ་ཞིབ་བཤེར་བྱེད་བཞིན་པ། (ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་པར་རིས་མཁོ་འདོན་བྱས)

     འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྲུང་རགས་སྔར་བས་བརྟན་དུ་གཏོང་བ་དང་། ཆང་རག་བཏུངས་ནས་མཚན་གཅིག་སོང་བའི་འཁོར་གཏོང་ལས་ཐོན་པའི་འགྲིམ་འགྲུལ་ལས་འཛོལ་བཀག་འགོག་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་བཀོད་སྒྲིག་ཞིབ་ཚགས་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་རླངས་འཁོར་འགྲོ་རྒྱུག་མང་བའི་གཞུང་ལམ་གཙོ་བོར“ཆང་རག་བཏུངས་ནས་མཚན་གཅིག་སོང་བའི་འཁོར་གཏོང”ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

    བྱ་སྤྱོད་མ་སྤེལ་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་འགྲོ་རྒྱུག་གི་ཁྱད་ཆོས་དང་ཆང་བཏུངས་འཁོར་གཏོང་དང་འབྲེལ་བའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་ཆོས་ཉིད་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སྔོན་ཚུད་ནས་ཁྲིམས་འགལ་གནས་ཚུལ་ཐོན་མང་བའི་དུས་ཚོད་དང་གཙོ་གནད་ལམ་དུམ་གཏན་འཁེལ་བྱས་ནས། གཏན་འཇགས་ཞིབ་བཤེར་ས་ཚིགས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་པ་དང་དུས་མཚུངས། སྐོར་སྐྱོད་སྐོར་ཞིབ་བྱ་ཐབས་ཟུང་འབྲེལ་གྱིས“རླངས་འཁོར་རེ་རེ་བཞིན་ཞིབ་བཤེར་དང་། གནད་སྨིན་ཞིབ་དཔྱད། ཚད་ལྡན་ཐག་གཅོད”བཅས་ཀྱི་ལས་ཀའི་བླང་བྱ་ཁ་གསལ་བཟོས་ཏེ། ཕར་འགྲོ་ཚུར་འོང་བྱེད་པའི་འཁོར་རིགས་རེ་རེ་བཞིན་ཁ་བཀག་ནས་ཞིབ་བཤེར་བྱས་པ་དང་། ཁ་ལོ་བར“ཆང་རག་བཏུངས་ནས་མཚན་གཅིག་སོང་བའི་འཁོར་གཏོང”གི་ཁྲིམས་འགལ་གནས་ཚུལ་ཡོད་མེད་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།