“གྲོང་གསེབ་ཀྱི་སྦག་སྦག་ལ་ཞིབ་བཤེར་བྱེད་པའི”ཞབས་ཞུ་ཤང་གྲོང་དུ་ཁྱབ་པར་བྱས་པ།
“གློད་འདོམས་ཞབས་གསུམ”གྱི་སྒྱུར་བཅོས་བྱ་ཐབས་གསར་པ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་བསལ་ནས་ཞིང་འབྲོག་མང་ཚོགས་ཀྱི“ལམ་ཐག་རིང་བ་དང་འཁོར་བྱང་བསྒར་བར་སྟབས་བདེ་མེད་པའི”གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡི“གྲོང་གསེབ་ཀྱི་སྦག་སྦག་ལ་ཞིབ་བཤེར་བྱེད་པའི”ཞབས་ཞུ་དེ་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ས་ཁུལ་བར་སྣུར་སྲིང་བྱས་ནས། སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་སྤྲོད་པའི་ཞབས་འདེགས་ཤང་དང་གྲོང་རྡལ་དང་གྲོང་ཚོའི་སྒོ་རྩར་ཞུས་པ་རེད།
ལས་དོན་སྤེལ་བའི་བརྒྱུད་རིམ་ནང་། ལས་དོན་མི་སྣས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་ཐོ་འགོད་གོ་རིམ་ནན་པོ་ལྟར། འཕྲུལ་སྒུལ་འཁོར་རིགས་ཕྱིར་ཚོང་གི་འཛིན་ཤོག་དང་། འཁོར་རིགས་ཀྱི་ཚད་ལྡན་ལག་ཁྱེར། འཁོར་བདག་གི་ཐོབ་ཐང་ལག་ཁྱེར་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བསྡུར་བྱས་པ་མ་ཟད། ཞིབ་བཤེར་པས“གོ་རིམ་སྟབས་བདེ་རུ་བཏང་ཡང་ཚད་གཞི་དམའ་རུ་མི་གཏོང་བའི”བླང་བྱ་གཞིར་བཟུང་། ལས་སྒོ་སྒྲུབ་པར་ཡོང་བའི་འཁོར་རིགས་ལ་ཞིབ་བཤེར་ནན་པོ་བྱས་ཏེ་ཆེད་ལས་ཡོ་བྱད་ལག་ཏུ་བཟུང་ནས་འཁོར་རིགས་ཀྱི་ཕྱིའི་རྣམ་པ་དང་འཁོར་སྒྲོམ་གྱི་ཨང་གྲངས་སོགས་འགག་རྩའི་ལྷུ་ལག་ལ་ཞིབ་བཤེར་གྱིས་འཁོར་རིགས་ཞིབ་བཤེར་གྱི་འགག་སྒོ་ནན་པོ་བསྲུངས་ནས་འཁོར་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་པར་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།