དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོར།

    ཞིང་ནང་མུ་ཁར་སྒྲོག་འགྲེལ་བྱེད། མི་རིགས་མཐུན་སྒྲིལ་སེམས་སུ་ཟུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-23

    འདི་ནི་བཅིངས་འགྲོལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ལས་དོན་པས་ཞིང་ཁའི་ནང་སྒྲོག་འགྲེལ་བྱེད་བཞིན་པ།

    མིག་སྔ་ནི་ཞིང་ལས་བྲེལ་བ་ཆེ་སྒང་གི་སྟོན་དུས་ཡིན་པས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཞིང་ལས་ཐོན་སྐྱེད་གཉིས་ཀར་འཐུས་ཤོར་མི་ཡོང་བའི་ཆེད་དུ། ཉེ་ཆར། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད་བྱས་ཏེ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི”ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་ཞིང་ནང་དུ་འཚོགས་ནས་ཡུལ་མི་ངལ་གསོའི་སྐབས་ཐག་ཉེ་སར་སློབ་སྦྱོང་ལ་ཞུགས་སུ་བཅུག་སྟེ། རྒྱ་ཆེའི་ཞིང་འབྲོག་པར་གོ་བདེ་ལ་ཉན་སྤྲོ་བའི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཁྲིད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།