བོད་ལྗོངས་ནགས་ཚལ་མེ་གསོད་ཀྱི་དམིགས་བསལ་རོགས་སྐྱོབ་རྩལ་ནུས་འགྲན་བསྡུར་འགོ་ཚུགས་པ།

འདི་ནི“ནུས་གསུམ་ཕྱོགས་བསྡུས་འགྲན་བསྡུར”བྱ་ཡུལ་ཡིན་པ།

འདི་ནི“ནུས་གསུམ་ཕྱོགས་བསྡུས་འགྲན་བསྡུར”རྣམ་གྲངས་ཐོ་རྡུང་ཤུགས་འགྲན་བྱེད་བཞིན་པ།

འདི་ནི་གློག་སྒུལ་སྐམ་པས་ཕིང་ཕང་སྤོ་ལོ་འཛིན་པའི་རྣམ་གྲངས་འགྲན་བསྡུར་བྱེད་བཞིན་པ།
ཉིན་ཤས་གོང་། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་དམིགས་བསལ་རོགས་སྐྱོབ་རྩལ་ནུས་འགྲན་བསྡུར་ལྷ་སར་འགོ་ཚུགས་ཤིང་། ད་ཐེངས་ཀྱི་དྲག་རྩལ་འགྲན་བསྡུར་ཆེན་པོ་དེ་ཉིན་ལྔ་སྤེལ་རྒྱུ་ཡིན་པ་དང་ཆེད་ལས་རོགས་སྐྱོབ་རྩལ་ནུས་ཀྱི་རྣམ་གྲངས་མང་པོ་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད། འགྲན་བསྡུར་བྱེད་པའི་དམིགས་ཡུལ་ནི་དམིགས་བསལ་ལས་སྒྲུབ་རུ་མི་ཚོའི་འཕྲལ་སྡོམ་རོགས་སྐྱོབ་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་དང་མཐོ་རུ་གཏོང་བའི་ཆེད་དུ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་རོགས་སྐྱོབ་ལྟེ་བའི་སྟོབས་ཤུགས་ཤིག་ཡིན་པའི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་ལས་འགན་ནི་རྙོག་འཛིང་ཆེ་ལ་ཤི་གསོན་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས་ནོར་འཁྲུལ་ཤོར་མི་རུང་ལ་ཐེ་ཚོམ་ཡང་སྤུ་ཙམ་བྱེད་ཁོམ་མེད། དེ་ནི་རུ་མི་ཚོའི་ལུས་ནུས་དང་། རྩལ་ནུས། རིག་ནུས་བཅས་ལ་ཕྱོགས་ཡོངས་ནས་ཚོད་བགམ་བྱས་པ་ཞིག་རེད་ལ། དེ་བས་ཀྱང་ཚོགས་པའི་མཉམ་ལས་སྙིང་སྟོབས་ལ་ཞིབ་བཤེར་ནན་པོ་བྱས་པ་ཞིག་རེད། ད་ཐེངས་ཀྱི་དྲག་རྩལ་འགྲན་བསྡུར་གྱིས་དངོས་འཐབ་ཀྱི་དགོས་མཁོ་དང་བསྟུན་ཏེ། ཛ་དྲག་ཤིན་ཏུ་ཆེ་བའི་རོགས་སྐྱོབ་ཀྱི་རྣམ་པ་སྣ་ཚོགས་ལ་ལད་ཟློས་བྱེད་པའི་དམིགས་ཡུལ་ནི་ཤུགས་ཚད་ཆེ་བའི་འགྲན་བསྡུར་ཁྲོད་རུ་མི་ཚོའི་ཉམས་མྱོང་ཕུན་སུམ་ཚོགས་སུ་དང་ནུས་པ་ཆེ་རུ་གཏོང་བའི་ཆེད་དུ་རེད།
འབྲེལ་ཡོད་གསར་འགྱུར།