དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱིས“9·16དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོ”ཡི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-23

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ“9·16དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོ”ཡི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་བཅས་ཡིན་པའི་ཀྲུའུ་ཧྲོའུ་ཁོ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤ་ཁེ་ཆིན་བཅས་ཀྱིས་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་བྱེད་སྒོར་མཛུབ་ཁྲིད་གནང་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཀྲུའུ་ཧྲོའུ་ཁོ་དང་བཅས་པས་ཚན་པ་ཁག་གི་དྲིལ་བསྒྲགས་འགྲེམས་སྟེགས་ལ་ལྟ་སྐོར་བྱས་ནས་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་གནས་ཚུལ་ཤེས་རྟོགས་བྱས་པ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་། ཚན་པ་ཁག་གི་དུས་བདེ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཚན་པ་ཁག་ལ་རང་ངོས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ལ་དམིགས་ཏེ་དྲིལ་བསྒྲགས་བྱེད་སྟངས་ལེགས་སུ་གཏོང་བ་དང་རྣམ་པ་ཟབ་མོ་བཏོད་དེ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལས་དོན་སླར་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོས“དུས་བདེ་འཛུགས་སྐྱོང་ནང་མི་ཚང་མ་ཞུགས་པ་དང་། ཞི་མཐུན་སྤྱི་ཚོགས་ཀྱིས་ཁྱིམ་ཚང་ཚང་མར་ཕན་པ་ཐོབ་པ”བརྗོད་དོན་གཙོ་བོར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཅུས་བཅས་ཀྱི་ཚན་པ་90ལྷག་ཙམ་དང་མཉམ་དུ་གྲོང་ཁྱེར་དང་ས་གནས་7གྱི་རྫོང་དང་ཆུས་74ལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།