2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ།

འདི་ནི་མི་དམངས་ཉེན་རྟོག་པས་གྲོང་མིར་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།
ཉིན་ཤས་གོང་། 2025ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་དང་། ལྗོངས(ཀྲུང་དབྱང)ཐད་གཏོཌ་ཀྱི་ཏང་སྲིད་ལས་ཁུངས་ཁག་དང་། མི་དམངས་ཚོགས་པ། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་དྲ་རྒྱའི་ཁེ་ལས་དང་། མཐོ་སློབ། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
འདི་ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“མི་དམངས་ཀྱི་ཆེད་དུ་དྲ་རྒྱ་བདེ་འཇགས་ཡོང་བར་བྱེད། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང”ཞེས་པ་དེ་ཡིན།
འགོ་ཚུགས་མཛད་སྒོའི་ཐོག་དྲ་རྒྱའི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་ཐོག་མར་བསྟན་པ་དང་འབྲེལ་2025ལོའི་ཞོན་ཏུན་ཇོ་མོ་གླང་མའི་དྲ་རྒྱའི་བདེ་འཇགས་རྩལ་ནུས་འགྲན་བསྡུར་ཆེན་པོའི་ཐོག་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། འགྲེམས་སྟོན་ཁུལ་དུ་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། སྡེ་ཚོགས་ལྗོངས་ཨུ་ལྷན་སོགས་ཚན་པ་དང་ཁེ་ལས་མང་པོ་ཞིག་གིས་དྲིལ་བསྒྲགས་འགྲེམས་སྟེགས་བཀོད་སྒྲིག་བྱས་ཏེ། པར་རིས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལྟ་སྐོར་བར་དྲ་རྒྱའི་བདེ་འཇགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།