དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས།

    རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ལ་འདྲི་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    ཉེ་ཆར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་འབྲོག་ར་ཞིག་ཏུ་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ཐོན་ཡོད། སྤེན་ཆེ་གེ་མོ་དང་བསོད་ཆེ་གེ་མོ་དོན་དག་ཆུང་ཙག་གི་དོན་དུ་རྩོད་པ་ཤོར་ནས་སེམས་པ་མནན་མི་ཐུབ་པའི་སྐབས་སུ་སྤེན་ཆེ་གེ་མོས་གློ་བུར་དུ་བསོད་ཆེ་གེ་མོ་དབྲིལ་བ་མ་ཟད། བསོད་ཆེ་གེ་མོའི་གྲོད་པར་པུས་མོས་ཡང་ཡང་གཞུས་པས་བསོད་ཆེ་གེ་མོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། ཁྲིམས་འཛིན་གྱི་དཔྱད་འདོམས་བྱས་པ་བརྒྱུད་བསོད་ཆེ་གེ་མོར་རྨས་སྐྱོན་ཚབས་ཆེན་རིམ་པ་གཉིས་པ་ཕོག་ཡོད།

    དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པར། ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོས་རྐང་བཙུགས་ནས་གཞན་ལ་རྨས་སྐྱོན་ཚབས་ཆེན་བཏང་བས། ཁོ་པའི་བྱེད་སྤྱོད་དེ་རྐང་བཙུགས་ནས་གནོད་འཚེ་བཏང་བའི་ཉེས་པའི་ཁོངས་སུ་གཏོགས་ཡོད། ཁྲིམས་རའི་ཐོག་ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོས་ཉེས་གསོག་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་ཉེས་ཆད་དང་ལེན་བྱས་པ་མ་ཟད། སྒོར་ཁྲི་ལྔ་སྐྱིན་ཚབ་འཇལ་བ་དང་ཆབས་ཅིག་ཕ་རོལ་པོའི་བསམ་ཤེས་ཐོབ་པ་སོགས་ཉེས་གསོག་དོན་དངོས་དང་། ངོ་བོ། གནས་ཚུལ་བཅས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།