དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས།

    ཞིང་པ་ལས་མིར་གླ་ཆ་སྒོར་ཁྲི་18ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    ཉིན་ཤས་གོང་། རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སྣ་མང་ཅན་གྱི་འདུམ་འགྲིག་ཁང་དུ་རྒྱ་ཚ་གྲོང་རྡལ་གྱི་ཞིང་པ་ལས་མི་28ཡིས་དངུལ་གྲངས་རེ་རེ་བཞིན་ཞིབ་བསྡུར་དང་མིང་རྟགས་བཀོད་ནས་གཏན་འཁེལ་བྱས་རྗེས་འགན་གཙང་ལེན་མཁན་དང་ཨར་ལས་ཕྱོགས་ཀྱི་ལག་ནས་འགྱངས་ཆད་བྱས་པའི་གླ་ཆ་གྲངས་ཚང་ངང་བླངས་པ་རེད། སྐབས་དེ་དང་བསྟུན་ནས་སྒོར་ཁྲི་18དང་འབྲེལ་བ་ཡོད་པའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་དེ་རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྐུལ་འདེད་འོག་བདེ་བླག་ངང་ཐག་གཅོད་ཐུབ་ཅིང་། ཞིང་པ་ལས་མིས་རོགས་སྐྱོར་རེ་བ་ཞུས་པ་ནས་གླ་ཆ་ཆ་ཚང་སྤྲོད་པའི་བར་ཉིན་13ལས་འགོར་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།