དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས།

    ​ མེ་ཟོན་ཤེས་བྱ་སློབ་གྲྭར་ཁྱབ་གདལ་བཏང་། བདེ་འཇགས་འདུ་ཤེས་སེམས་ལ་བརྟན་པོར་ངེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    འདི་ནི་མེ་གསོད་རུ་མིས་སློབ་མར་ཆུ་མདའ་སྤྱོད་སྟངས་སློབ་བཞིན་པ།

    འདི་ནི་མེ་ཟོན་དྲིལ་བསྒྲགས་པས་སྐོར་སྐྱོད་མེ་ཟོན་དྲིལ་བསྒྲགས་རླངས་འཁོར་ལ་བརྟེན་ནས་སློབ་མ་ཚོར་མེ་ཟོན་གྱི་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

     ཉེ་ཆར། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པའི་མེ་ཟོན་བདེ་འཇཌ་སློབ་གསོ་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚཌ་བྱས་ནས་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་དགེ་སློབ་ཀྱི་མེ་ཟོན་བདེ་འཇཌ་འདུ་ཤེས་ཟབ་ཏུ་གཏོང་བ་དང་སློབ་གྲྭའི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ནུས་པ་ཆེ་རུ་བཏང་ནས་སློབ་དུས་གསར་པའི་སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད་རེད།

    བྱེད་སྒོ་སྤེལ་རིང་ལྗོངས་ཡོངས་ཀྱི་རིམ་ཁག“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་བསྐྱོད་དེ། སློབ་གྲྭའི་མངོན་གསལ་དོད་སར་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སྒྲོམ་འཛུགས་པ་དང་མེ་ཟོན་བདེ་འཇགས་ཀྱི་བརྡ་ཁྱབ་སྦྱར་པ་མ་ཟད། དགེ་རྒན་དང་ལས་བཟོ་ཚོར་མེ་ཟོན་བདེ་འཇགས་སྐོར་ས་གནས་ས་ཐོག་ཏུ་གསོ་སྦྱོང་བྱས་ཏེ། ས་གནས་ས་ཐོག་ཏུ་མེ་གསོད་ཡོ་ཆས་དང་མེ་གསོད་ཆུ་མདའ་སོགས་མེ་གསོད་ཡོ་ཆས་སྤྱོད་སྟངས་བསླབས་པ་དང་། སློབ་གྲྭའི་མེ་སྐྱོན་གྱི་གྱོད་དཔེ་དང་ཟུང་འབྲེལ་གྱིས་མེ་སྐྱོན་སྔོན་འགོག་དང་། ཐོག་མའི་མེ་གསོད་མི་སྐྱོབ། ཁ་འགྲེམ་ཉེན་གཡོལ་སོགས་མེ་ཟོན་གྱི་བདེ་འཇགས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།