དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།

    བྱེད་ཐབས་སྣ་ཚོགས་སྤྱད་ནས་མེ་ཟོན་ཁྲིམས་སྒྱུར་གྱི་སྤུས་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

     ད་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ནས། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྲིམས་སྒྱུར་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཕྱོགས་གསུམ་པའི་ཁྲིམས་རྩོད་པའི་རེས་སྐོར་སྡོད་བྱ་དང་གཞུང་ལས་ཁྲིམས་རྩོད་པ་གདན་དྲངས་ནས། གྱོད་གཞི་བགྲོ་གླེང་དང་བཅའ་ཁྲིམས་གཞུང་ཡིག་ལ་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཁྲིམས་སྒྱུར་ལྟ་སྐུལ་དང་། བཅའ་ཁྲིམས་ཞིབ་བཤེར། གྱོད་གཞི་དོ་དམ་སོགས་ཀྱི་བྱེད་ནུས་བསྡུ་སྒྲིལ་བྱས་ཡོད། མིག་སྔའི་བར་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཁྲིམས་དོན་ལྟེ་གནས་ཀྱིས་ཉིང་ལག་རུ་ཁག་དཔུང་ཁག་གི་གྱོད་ཚགས་སྣ་ཚོགས་445ལ་འདྲི་ཞིབ་དཔྱད་བཤེར་དང་ཞིབ་དཔྱད་ལས་དོན་སྤེལ་ཡོད།

    ཁྲིམས་སྒྱུར་གྱོད་ཚགས་ཀྱི་སྤུས་ཚད་ལ་ལུཌ་མཐུན་ངང་དཔྱད་དཔོག་བྱ་ཆེད། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཆེད་ལས་ཁྲིམས་རྩོད་པའི་ལས་དོན་ཁང་ལ་ཁྲིམས་སྒྱུར་གྱོད་ཚགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་མངགས་ནས་བཅའ་ཁྲིམས་སྤྱད་པ་ཡང་དག་མིན་དང་། དཔང་རྟགས་འཐུས་སྒོ་ཚང་མིན། བརྒྱུད་རིམ་ཁྲིམས་མཐུན་ཡིན་མིན་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཡོད། མིག་སྔའི་བར་ཕྱོགས་གསུམ་པའི་ཁྲིམས་རྩོད་པའི་ལས་དོན་ཁང་གིས་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་གྱོད་ཚགས་23ལ་བསྐྱར་བཤེར་བྱས་ཡོད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་སྒྲིག་བཤེར་སྡེ་ཚན་གྱིས་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་ནུས་གང་ལེགས་བཏོན་ནས་ཁྲིམས་སྒྱུར་བརྒྱུད་རིམ་ལ་རྗེས་སྙེགས་ཞིབ་བཤེར་བྱས་ཏེ་ཁྲིམས་སྒྱུར་བརྒྱུད་རིམ་ཁྲིམས་མཐུན་ཡིན་མིན་དང་། ཁྲིམས་སྒྱུར་བྱ་སྤྱོད་ཚད་ལྡན་ཡིན་མིན། ཁྲིམས་སྒྱུར་བྱས་འབྲས་དྲང་བདེན་ཡིན་མིན་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་ཡོད། ལོ་སྟོད་དུ་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་སྒྲིག་བཤེར་སྡེ་ཚན་གྱིས་ཁྲིམས་སྒྱུར་ལྟ་སྐུལ་གྱི་ལས་སྒོ་ཐེངས་12སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།