དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཉེན་རྟོག་པ་དང་མི་དམངས་གཅིག་སེམས་གཅིག་འབྲེལ།

    —— བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་རྟ་ནག་མདའ་ཤང་མངགས་གཏོང་ཁང་གི་གཞི་རིམ་བཅོས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    འདི་ནི་རྟ་ནག་མདའ་ཤང་མངགས་གཏོང་ཁང་གིས་གོས་དར་ལེན་བཞིན་པ། (བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཀྱིས་པར་རིས་མཁོ་འདོན་བྱས)

    འགལ་བ་དང་རྩོད་གཞི་སེལ་ཚད་100%ཟིནཔ།

    རྟ་ནག་མདའ་ཤང་མངགས་གཏོང་ཁང་དུ་ད་ཆ་ཉེན་རྟོག་པ་5དང་། ལས་རོགས་ཉེན་རྟོག་པ་2 ཉེན་རྟོག་ལག་གཡོག་3ཡོད་ལ། ཁོངས་གཏོགས་ཁུལ་དུ་སྲིད་འཛིན་གྲོང་ཚོ་6དང་། རང་བྱུང་གྲོང་ཚོ་15 རྒྱུན་སྡོད་མི་འབོར་6000ལྷག་ཙམ་ཡོད།

    2022ལོར་མངགས་གཏོང་ཁང་དེས“ཇོ་རིར་སྣེ་ཁྲིད། དར་དམར་ཕུབ་དམར། སྐྱོང་མཁས་དམངས་བདེ”ཡི་ཏང་འཛུགས་སྐྱོང་ཀྱི་སྤུས་རྟགས་བཏོད་ཅིང་། “ལམ་སྲོལ་དང་། གཞི་རྟེན། རྣམ་པ། ཕན་འབྲས”བཅས་རྒྱུ་རྐྱེན་བཞི་ནས་སྐྱོང་མཁས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་འགལ་བ་དང་རྩོད་གཞི་སེལ་ཚད་100%བར་མཐོ་རུ་བཏང་ཡོད་ལ། 2024ལོའི་ཟླ་11པར“བཞད་མཐོང་སྨོན་རྫོང་གི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཡག་པོ་བཅུ”ཡི་མཚན་སྙན་ཡང་ཐོབ་ཡོད།

    2023ལོར་མངགས་གཏོང་ཁང་དེས་མངགས་གཏོང་ཁང་ལྟེ་བར་འཛིན་པ་དང་། ཤང་སྲིད་གཞུང་དང་། གྲོང་ཚོ་ཨུ་ལྷན། ཁྲིམས་འཛིན་སུའོ། མངགས་གཏོང་ཁྲིམས་ས་བཅས“སྟོབས་ཤུགས་ཁག་བཞི”མཉམ་འགུལ་གྱིས་དྲ་མིག་པ་དང་གཉིས་ལྡན་དུད་སྦྲེལ་སྤྱི་མི་སོགས“མང་ཚོགས་འགོག་སྲུང་དཔུང་ཁག་N”སྡེབ་སྒྲིག་བྱས་ཏེ། “གཞུང་ཕྱོགས་སུ་སྦྲེལ་མཐུད་དང་འཕྲེད་ཕྱོགས་ལ་མཐུན་སྦྱོར”གྱི་འདུམ་འགྲིག་དྲ་བ་བཙུགས་པ་དང་ཆབས་ཅིག “333”ཡི་གདུབ་ཟུམ་འདུམ་འགྲིག་ལས་དོན་བྱ་ཐབས་ཁྱབ་སྤེལ་བཏང་ནས“འགལ་བ་སེལ་བར་སྒྲིག་སྲོལ་བཅའ་ཁྲིམས་ཡོད་པ་དང་གོ་རིམ་འཁོར་རྒྱུག་བྱེད་པར་ཚད་གཞི་ཡོད་པར”འགན་ལེན་བྱས་ཡོད།

    འདུམ་འགྲིག་གི་ཆེད་ལས་རང་བཞིན་ཆེ་རུ་གཏོང་ཆེད། མངགས་གཏོང་ཁང་དེས“རྒན་གྲས་ལྔར་བརྟེན་ནས་འདུམ་འགྲིག”བྱེད་སྟངས་གཏིང་ཟབ་ཏུ་བཏང་བ་དང་། གྲོང་གསེབ་ཀྱི་འདུམ་འགྲིག་ཆེད་ལས་དཔུང་ཁག་འཐུས་སྒོ་ཚང་དུ་བཏང་བ། “དར་དམར་ཕུབ་དམར་མཉམ་གྲོས་འདུམ་འགྲིག་ཁང”བསྐྲུན་ཞིང་། “བཅའ་ཁྲིམས་གསལ་འགྲེལ་དང་། སྲིད་ཇུས་གསེད་དཀྲོལ། སེམས་ཁམས་ཐེ་གཏོགས་བཅས་ཟུང་དུ་འབྲེལ་བའི”གཅིག་འཐུས་རང་བཞིན་གྱི་ཞབས་འདེགས་ཞུས་ཏེ། འདུམ་འགྲིག་དུས་ཡུན་དེ་སྔ་ལས་30%ཇེ་ཐུང་དུ་བཏང་སྟེ་འགལ་བ་སེལ་བའི་ལས་ཆོད་ཆེ་རུ་དང་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ཡོད།

    བདེ་སྲུང་གི་སྔོན་འགོག་ཚོད་འཛིན་དྲ་བ་བརྟན་པོ་བཙུགས་པ།

    ཉེ་བའི་ལོ་གསུམ་རིང་། ཁོངས་གཏོགས་ཁུལ་དུ་ཉེས་དོན་གྱོད་གཞི་གཅིག་ཀྱང་ཐོན་མེད་པ་དང་བདེ་འཇགས་གྱོད་གཞི་ཡང་ཉུང་དུ་སོང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེ་ནི་རྟ་ནག་མདའ་ཤང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཕུལ་བའི་རྒྱུགས་ལན་ཞིག་རེད།

    དེ་སྔ། ཁོངས་གཏོགས་ཁུལ་དུ་ཡུལ་མིས་ཆང་རག་བཏུངས་རྗེས་གློག་སྒུལ་སྦག་སྦག་གཏོང་བ་དང་། ཞིང་ནང་དུ་གཟན་རྩྭ་སྤུངས་ནས་འཇོག་པ་དང་སོག་མ་མེར་སྲེག་གཏོང་བ། ཆང་རག་བཏུངས་ནས་ཁྱིམ་ཚང་དུ་རྩོད་པ་རྒྱག་པ་སོགས་མངོན་གསལ་དོད་པའི་གནད་དོན་གསུམ་རྒྱུན་དུ་ཐོན་གྱི་ཡོད། ད་ཆ་མངགས་གཏོང་ཁང་དེས་ཤང་དང་གྲོང་ཚོ་རིམ་པ་གཉིས་དང་མཉམ་དུ་ཆེད་དོན་བཅོས་སྒྲིག་བྱས་པས་འགྲིམ་འགྲུལ་ལས་འཛོལ་དང་། མེ་སྐྱོན། འགལ་ཟླ་རྩོད་གཞི་བཅས་ཐོན་ཚད་ཆག་ནས་ཞིང་ལས་ཐོན་སྐྱེད་བདེ་འཇགས་དང་གྲོང་གསེབ་ཀྱི་འཆམ་མཐུན་བརྟན་ལྷིང་ལ་གཡས་གཞོགས་གཡོན་འདེགས་ཐུབ་ཡོད།

    མངགས་གཏོང་ཁང་དེས་ད་དུང་ཆབ་སྲིད་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བདེ་འཇགས། འགལ་ཟླ་རྩོད་གཞི། སྤྱི་པའི་བདེ་འཇགས། དྲ་རྒྱའི་བདེ་འཇགས་བཅས་ཀྱི“ཉེན་ཁ་རིགས་ལྔ”ལ་དམིགས་ནས་ལམ་སྲོལ་དང་རྣམ་པ་གསར་པའི་བྱ་སྤྱོད་མཉམ་དུ་སྤེལ་ཏེ། དྲང་ཕྱོགས་ནས་ལྕག་སྐུལ་དང་ལྡོག་ཕྱོགས་ནས་ཚོད་འཛིན་ཟུང་འབྲེལ་གྱིས་ཡུལ་མི་ཤེས་དཔལ་མཉམ་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།

    དམངས་ལ་ཞབས་འདེགས་ཞུ་བའི་དོན་ཆུང་ཚང་མ་ཡག་པོ་བསྒྲུབས་པ།

    “དེ་སྔོན་གནས་སྡོད་ལག་ཁྱེར་གཉེར་བར་ཆེད་མངགས་མངགས་གཏོང་ཁང་དུ་འགྲོ་དགོས་ཀྱི་ཡོད། ད་ལྟ་སྐད་འཕྲིན་ཚོགས་པའི་ནང་སྐད་ཆ་དྲིས་ཚེ། མི་དམངས་ཉེན་རྟོག་པས་ལམ་སེང་སློབ་ཀྱི་ཡོད་པས། དུས་ཚོད་མང་པོ་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཝང་མོང་ལེ་ཡིས་མངགས་གཏོང་ཁང་གིས་ཁྱབ་སྤེལ་བཏང་བའི་དྲ་ཐོག་ཞབས་ཞུར་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།

    མང་ཚོགས་ཀྱི་དོན་ཆུང་མང་པོའི་ཁྲོད་ནས་མངགས་གཏོང་ཁང་གི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མཐོང་ཐུབ་ལ། མངགས་གཏོང་ཁང་དེར་ཡང་2024ལོའི“གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་མངགས་གཏོང་ཁང”གི་མཚན་སྙན་ཐོབ་ཡོད།

    གྲངས་འཛིན་ཅན་གྱི་ཉེན་རྟོག་ཞབས་ཞུ་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་ཚོ་རིམ་པའི་འབྲེལ་གཏུག་ཚོགས་པ་དང་ཚོང་དུད་ཞབས་ཞུའི་ཚོགས་པ་བཙུགས་ནས་མང་ཚོགས་ཀྱི་རོགས་འབོད་དང་། བཅའ་ཁྲིམས་བློ་འདྲི། ཐེམ་ཐོའི་ལས་སྒོ། ལམ་ཡིག་གཉེར་བའི་བློ་འདྲི་སོགས་ཀྱི་ཞབས་ཞུ་དུས་ཐོག་ཏུ་དྲ་ཐོག་ནས་བདག་སྤྲོད་ཐུབ་ཀྱི་ཡོད། ཞིབ་ཕྲའི་ལག་ལེན་བསྟར་འཐུས་ཀྱི་དམངས་ཕན་བྱ་ཐབས་ཁག་བརྒྱུད། མངགས་གཏོང་ཁང་དེའི་ཉེན་རྟོག་ཞབས་ཞུའི་ལས་དོན“དྲ་ཕྱིར་སྒྲུབ་པ”དེ“མཛུབ་རྩེས་སྒྲུབ་པར”བསྒྱུར་བས་གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཉུང་ཙམ་རྒྱུག་པ་མངོན་འགྱུར་བྱུང་ནས་ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད།

    ད་ཆ་རྟ་ནག་མདའ་ཤང་དུ་མངགས་གཏོང་ཁང་དེའི་སྲུང་སྐྱོང་བརྟན་པོ་དང་དམངས་ཆེད་ཞབས་འདེགས་བརྒྱུད། གཞི་རིམ་བཅོས་སྐྱོང་དེ་བས་ཕན་འབྲས་ཆེ་བ་དང་། གྲོང་གསེབ་དུས་བདེ་དེ་བས་ཡག་པ། མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་པ་བཅས་བྱུང་ནས“ཉེན་རྟོག་པ་དང་མི་དམངས་གཅིག་སེམས་གཅིག་འབྲེལ་དང་ཞི་མཐུན་མཉམ་གནས”ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།