དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འབྲི་རུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཉིང་ཁྲིར་སྤེལ་རེས་མཉམ་སྐྲུན་བྱེད་སྒོ་སྤེལ་བར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    ཉེ་ཆར། འབྲི་རུ་རྫོང་གིས་མངགས་པའི་གྲོང་སྡོད་ལས་བྱེད་པ་དང་། གྲོང་ཚོ“ཨུ་ལྷན་གཉིས” གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འགན་འཁུར་བ། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་སོགས་མི་26ལས་གྲུབ་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤེལ་རེས་ཚོགས་པ་ཉིང་ཁྲི་གྲོང་ཁྱེར་དུ་སློབ་སྦྱོང་སྤེལ་རེས་དང་མཉམ་སྐྲུན་བྱེད་སྒོ་སྤེལ་བར་བསྐྱོད་པ་རེད།

    སྤེལ་རེས་ཚོགས་པ་ཐོག་མར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཆུ་འཁོར་གྲོང་ཚོ་དང་། རྒྱལ་སྨད་གྲོང་ཚོ། བཀྲ་ཆོས་གྲོང་ཚོ་སོགས་དཔེ་སྟོན་ས་ཚིགས་སུ་བསྐྱོད་དེ། “ས་གནས་ས་ཐོག་ཏུ་ལྟ་བ་དང་། ས་གནས་ས་ཐོག་ཏུ་སློབ་སྦྱོང། བཞུགས་མོལ་གྲོས་བསྡུར”བཅས་ཀྱི་བྱ་ཐབས་བརྒྱུད། ས་གནས་དེ་གའི“གྲོང་ཚོ་དང་ཁེ་ལས་མཉམ་ལས”དང“གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས”“ཞིང་རའི་ཕྱོགས་བསྡུས་དངོས་ཚན”སོགས་ཐད་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་དང་སྤེལ་རེས་བྱས་པ་རེད། སྤེལ་རེས་ཚོགས་པས་ད་དུང་ལི་སྟེང་གྲོང་ཚོའི“བཅིངས་འགྲོལ་ལ་བསྔགས་བརྗོད”འགྲེམས་སྟོན་ཁང་གི་གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་རྟེན་གཞིར་བསྐྱོད་དེ། གསར་བརྗེའི་ལོ་རྒྱུས་ལ་བསྐྱར་དྲན་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཤེས་རྟོགས་བྱས་པས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་ཕྱིན་ཡོད་པ་རེད།

    སྤེལ་རེས་ཚོགས་པ་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པའི་བརྩེ་བ་ཟབ་པའི་སྐད་ཆར་ཉན་གྱིན་ཁོངས་མི་ཚོ་རུབ་རུབ་བྱས་ཏེ་འཕྲིན་ལན་གྱི་མ་ཡིག་ཞིབ་ཀློག་བྱས་ནས། “ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོའི་ཡིག་འབྲུ་རེ་རེ་དང་ཚིག་རེ་རེ་ལ་གོ་བ་བླངས་པ་དང་། དེའི་ནང་འདུས་པའི“མི་དམངས་གོང་དུ་བཀུར་བའི”འདུ་ཤེས་དང་ཚན་རིག་གི་བརྟག་ཐབས་སྨྲ་བར་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། “མཐུན་སྒྲིལ་ལ་བསྔགས་བརྗོད”གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་འགྲེམས་སྟོན་བྱས་པའི་ལོ་རྒྱུས་ཀྱི་འདྲ་པར་རེ་རེ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལས། ཁོངས་མི་ཚོས་ཀ་ལ་གྲོང་ཚོར་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་འཕོ་འགྱུར་བྱུང་བར་དཔང་པོ་བྱས་པ་དང་། “མི་རིགས་མཐུན་སྒྲིལ་ནི་སྲོག་རྩ་ཡིན”པར་གོ་བ་གཏིང་ཟབ་བླངས་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྣེ་ཁྲིད་བྱེད་པ་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།