དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དྲོ་སྐྱིད་དང་རེ་བ་སྦྱིན་པ།

    —— ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ལས་འཛོལ་དབང་གིས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ན་སོ་དར་ལ་མ་བབས་པའི་མིར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    གྱོད་གཞི་དེར་ཕྱིར་མིག་ཅིག་བལྟས་ན། 2021ལོའི་ཟླ་2པའི་ཉིན་ཞིག ལོ་7ལ་སླེབས་པའི་སྐལ་ཆེ་གེ་མོ་བསྡད་པའི་རླངས་འཁོར་དང་ཆོས་ཆེ་གེ་མོས་བཏང་བའི་རླངས་འཁོར་རྡུང་ཁ་ཤོར། ཆོས་ཆེ་གེ་མོས་ད་ཐེངས་ཀྱི་དོན་རྐྱེན་ལ་འགན་འཁྲི་ཡོངས་རྫོགས་འཁུར་དགོས་ཤིང་། སྐལ་ཆེ་གེ་མོ་ཡང་དེས་རྐྱེན་པས་སྟབས་མ་ལེགས་པར་དབང་པོ་སྐྱོན་ཅན་དུ་གྱུར་པ་ངོས་འཛིན་བྱས། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཆེད་མངགས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་མཉམ་གྲོས་ཁང་བཙུགས་ནས་ཞིབ་གཅོད་བྱས་ཤིང་། འདྲི་གཅོད་དང་པོའི་ཐོག་དོན་རྐྱེན་བཟོ་མཁན་ཕྱོགས་ཀྱིས་སྐལ་ཆེ་གེ་མོའི་སྨན་རིན་དང་དབང་པོ་སྐྱོན་ཅན་གྱི་སྐྱིན་གསབ་སོགས་ཁྱོན་སྒོར་ཁྲི་60ལྷག་ཙམ་སྤྲོད་དགོས་པའི་ཐག་གཅོད་བྱས་པ་རེད། དེའི་ནང་འགན་བཅོལ་ཀུང་སིས་སྐྱིན་གསབ་ཁག་གཅིག་འཇལ་བ་ཕུད། དེ་བྱིངས་ཚང་མ་དོན་རྐྱེན་དེའི་འགན་འཁྲིའི་རླངས་འཁོར་དངོས་སུ་སྤྱོད་མཁན་ཝང་ཆེ་གེ་མོས་སྤྲོད་དགོས། ཡིན་ནའང་། ཝང་ཆེ་གེ་མོས་རང་འགུལ་ངང་སྐྱིན་ཚབ་འཇལ་བའི་འོས་འགན་ལག་བསྟར་བྱས་མེད་པ་རེད།

    གྱོད་གཞི་དེ་ཐག་གཅོད་བྱེད་པའི་གོ་རིམ་དུ་སླེབས་རྗེས། ལག་བསྟར་ཁྲིམས་དཔོན་གྱིས་ཁྲིམས་ལྟར་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ལག་བསྟར་བྱེད་མཁན་ཝང་ཆེ་གེ་མོ་བཀག་ཉར་བྱས་པ་མ་ཟད། ད་དུང་ཁོ་པའི་རྒྱུ་ནོར་ལ་ཞིབ་བཤེར་ཚོད་འཛིན་ཡང་བྱས། འོན་ཀྱང་བརྟག་དཔྱད་བྱས་པ་བརྒྱུད། ཝང་ཆེ་གེ་མོའི་མིང་འོག་ཏུ་རྒྱུ་ནོར་གང་ཡང་མེད་པ་མ་ཟད། གཏན་འཇགས་ཀྱི་ཡོང་འབབ་ཀྱང་མེད་པ་ཤེས་རྟོགས་བྱུང་བས། ཁྲིམས་ཁང་གིས་ཐབས་ཤེས་མེད་པར་ད་ཐེངས་ཀྱི་ལག་བསྟར་མཇུག་སྒྲིལ་རྒྱུའི་ཁྲུན་ཐག་བཅད་པ་རེད། ཡིན་ནའང་། ལག་བསྟར་ཁྲིམས་དཔོན་གྱིས་གནད་དོན་དེ་སྒྲུབ་མཚམས་མ་བཞག་པར་སྔར་བཞིན་ཝང་ཆེ་གེ་མོའི་རྒྱུ་ནོར་གྱི་ཡོངས་ཁུངས་ལ་དུས་ཐོག་ཏུ་ཞིབ་བཤེར་ཚོད་འཛིན་བྱས།

    “ད་ཐེངས་ཁྲིམས་ཁང་གི་ཁྲིམས་འཛིན་རོགས་སྐྱོབ་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པའི་སྐལ་ཆེ་གེ་མོའི་རོགས་སྐྱོབ་རེ་ཞུའི་གྱོད་དོན་དེར། ང་ཚོས་ཐོག་མའི་བརྟག་དཔྱད་བྱས་པ་བརྒྱུད། ཁོང་གི་ཁྱིམ་ཚང་འབྲོག་པ་ཡིན་པ་དང་ཆ་རྐྱེན་ཡང་སྤྱིར་བཏང་ཡིན་པ། དབང་པོ་སྐྱོན་ཅན་གྱི་བདེ་ཐང་སྨན་བཅོས་གྲོན་དངུལ་རག་མིན་ཡང་གསལ་པོ་མེད་ཅིང་། ལག་བསྟར་བྱེད་མཁན་ཡང་ས་ཆ་མང་པོ་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོར་བུ་ལོན་སྣ་ཚོགས་འཇལ་བཞིན་ཡོད་པས། སྐྱིན་གསབ་སྤྲོད་པའི་རྒྱུ་ནོར་གང་ཡང་མེད་པ་རེད” 2025ལོའི་ཟླ་7ཚེས་24ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། སྐལ་ཆེ་གེ་མོས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་རེ་ཞུ་བྱས་པའི་གྱོད་དོན་ལ་གྲོས་ཞིབ་བྱས་ཤིང་། མཐར་ཚོགས་འདུའི་ཐོག་ཁོ་པར་ཁྲིམས་འཛིན་རོགས་སྐྱོབ་བྱེད་རྒྱུའི་ཐག་བཅད་པ་རེད།

    ཟླ་7ཚེས་31ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཁྲེང་ཏུང་ཤུས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞིའི་མཉམ་གྲོས་ཁང་གི་ཁོངས་མི་ཁྲིད་དེ། ས་དགའ་རྫོང་ལྷག་ཚང་ཤང་བཞིས་སྒོ་གྲོང་ཚོར་བསྐྱོད་ནས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་དངུལ་སྒོར་ཁྲི་23ལྷག་ཙམ་སྐལ་ཆེ་གེ་མོའི་ཕ་མར་སྤྲད་པ་རེད།

    སྐལ་ཆེ་གེ་མོའི་ཕ་མས་རོགས་སྐྱོབ་དངུལ་དེ་དག་ལེན་རྗེས་མིག་ལ་མཆི་ཞག་འཁོར་བཞིན་དུ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་མ་ཟད། ཁྲེང་ཏུང་ཤུས་དང་བཅས་ལ་དཀར་གཙང་གི་མཇལ་དར་ཕུལ་བ་རེད། རོགས་སྐྱོབ་དངུལ་དེ་དག་ཁོ་ཚོའི་ངོས་ནས་བརྗོད་ན་རྒྱུ་ནོར་ཐད་རོགས་རམ་བྱས་པ་ཙམ་ཞིག་མ་ཡིན་པར། དེ་བས་ཀྱང་སེམས་གསོ་ཞིག་ཡིན་པས། བུ་མོ་དྲག་སྐྱེད་ཡོང་བར་རེ་བ་ཆེན་པོ་སྦྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།