དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་ལྗོངས་ཀྱིས“ཁྲིམས་ཤེས་པ”གསོ་སྐྱོང་འདུ་འགོད་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི“གྲོང་ཚོའི(གྲོང་ལྷན)བཅའ་ཁྲིམས་བློ་འདྲི་བ་1དང་ཁྲིམས་ཤེས་པ་མང་པོའི”ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཁྲིམས་རྩོད་པ་བསླབ་པ་རྒན་གྲས་དང་། ཁྲིམས་རིག་པའི་རིགས་གཅིག་མཁས་ཅན། དུས་ཡུན་རིང་པོ་གཞི་རིམ་དུ་ལས་ཀ་བྱེད་མཁན་གྱི“ཁྲིམས་ཤེས་པ”བཅས་ཀྱི་འཐུས་མི་གདན་དྲངས་ནས《དམངས་དོན་ཁྲིམས་གཞུང》གི་གཉེན་སྒྲིག་ཁྱིམ་ཚང་གི་སྐོར་དང་། དངོས་པོའི་བདག་དབང་གི་སྐོར། གན་རྒྱའི་སྐོར་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ལ་གཙོ་གནད་ཐོག་གསལ་འགྲེལ་བྱས་པ་དང་། 《ས་ཆ་དོ་དམ་བཅའ་ཁྲིམས》དང་། 《ངལ་རྩོལ་བཅའ་ཁྲིམས》《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་གཞི་རིམ་དུ་ཐོན་སླ་བའི་རྩོད་གཞིའི་སྐོར་ལ་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    མིག་སྔའི་བར། རང་ལྗོངས་ཀྱིས“ཁྲིམས་ཤེས་པ”ཁྲི་2.27ལྷག་ཙམ་འདེམས་སྒྲུག་བྱས་ནས་སྲིད་འཛིན་གྲོང་ཚོ་ཚང་མར་ཁྲིམས་ཤེས་པ་3ཡན་བཀོད་སྒྲིག་བྱས་པས་ཁྱབ་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།