དབུ་ཤོག>ཁྲིམས་ལུགས།
  • རང་ལྗོངས་ཀྱི་2025ལོའི“སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་དཔེ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    འདི་ནི་སློབ་མས་ཁྲིམས་ལུགས་ཁྱབ་གདལ་གྱི་འབྲེལ་ཡོད་དྲིལ་བསྒྲགས་ལག་དེབ་ལེན་བཞིན་པ།

    ཉིན་ཤས་གོང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་། རང་སྐྱོང་ལྗོངས་དུག་འགོག་དོ་དམ་ཅུས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་དཔེ་སྟོན་བྱེད་སྒོ་རབ་དང་རིམ་པ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་གྲོང་ཤར་ཡན་ལག་སློབ་གྲྭར་སྤེལ་ནས་དགེ་སློབ་ཚོར་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་སློབ་ཚན་ཞིག་འཚོགས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་དཔེ་སྟོན་བྱེད་སྒོ་རབ་དང་རིམ་པའི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་འདྲ་མིན་ཡོད་ཅིང་། བྱེད་སྒོ་དེས་ལོ་ན་མི་འདྲ་བའི་སློབ་མའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ཏེ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ནང་དོན་ཆེད་མངགས་བཟོས་ནས། སློབ་མའི་འཚོ་བ་དངོས་དང་འབྲེལ་འདྲིས་ཟབ་པའི་གྱོད་དཔེ་དང་མཉམ་འགུལ་བྱེད་སྟངས་སྤྱད་ནས། ཁྲིམས་ལུགས་ཀྱི་ཤེས་བྱ་དེ་ཆར་པ་ཆུ་གྲོགས་བཞིན་སློབ་མ་ཚོའི་སེམས་སུ་ཟུག་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།