རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་གི་དམིགས་བསལ་གདན་ཞུས་ལྟ་སྐུལ་པ་98བསྐོ་སྤྱོད་བྱས་པ།
ཉེ་ཆར། རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་དམིགས་བསལ་གདན་ཞུས་ལྟ་སྐུལ་པ་98བསྐོ་སྤྱོད་ཀྱི་མཛད་སྒོ་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་བསྐོ་སྤྱོད་ནི་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག་ཀྱང་རེད། དེ་ཐོག་ནས་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཉིད་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། དུས་འགོར་གྲོང་ཁྱེར(ས་ཁུལ)ཁག་དང་སྡེ་ཚན་ཁག་གིས་འོས་སྦྱོར་དང་དེ་བཞིན་ཁེ་ལས་དང་ཚོང་ལས་མཐུན་ཚོགས་ཀྱིས་རང་ཉིད་འོས་སྦྱོར་སོགས་ལ་བརྟེན་ནས་དམིགས་བསལ་གདན་ཞུས་ལྟ་སྐུལ་པ་འོས་སྦྱོར་འདེམས་སྒྲུག་བྱས་ཤིང་། ཐོབ་ཐང་ལ་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་མཐར་ཚོང་གཉེར་ཁོར་ཡུག་གི་དམིགས་བསལ་གདན་ཞུས་ལྟ་སྐུལ་པ་98བསྐོ་སྤྱོད་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།
ཚོང་གཉེར་ཁོར་ཡུག་གི་དམིགས་བསལ་གདན་ཞུས་ལྟ་སྐུལ་པའི་ནུས་པ་ཡག་པོ་འདོན་ཆེད། རང་སྐྱོང་ལྗོངས་མ་འཇོག་སྐུལ་འདེད་ཅུས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དམིགས་བསལ་གདན་ཞུས་ལྟ་སྐུལ་པའི་ལས་ཀའི་ལམ་ལུགས(གནས་སྐབས་ལག་བསྟར)》གཏན་འབེབས་བྱས་ནས་བཀྲམ་སྟེ། ལྟ་སྐུལ་པས་སྲིད་ཇུས་དོན་འཁྱོལ་དང་། སྲིད་འཛིན་ཞིབ་མཆན། ཁྲིམས་སྒྱུར་ལྟ་འདོམས། ཞབས་ཞུའི་ཕན་ནུས་སོགས་ཀྱི་ཐད་ལ་གཙོ་བོར་དམིགས་ནས་བྱ་སྤྱོད་ཧུར་ཐག་སྤེལ་དགོས་པའི་བླང་བྱ་བཏོན་པ་དང་། ལྟ་སྐུལ་པས་ལྟ་སྐུལ་དང་སྐྱོན་བརྗོད་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་མྱོང་དང་བྱ་ཐབས་བཟང་པོ་ཤེས་རྟོགས་དང་དྲིལ་བསྒྲགས་བྱེད་པ། གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་པ་བཅས་བྱས་ནས་དགེ་མཚན་ལྡན་པའི་བསམ་འཆར་དེ་བས་མང་བ་འདོན་པར་སྐུལ་ལྕག་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།