ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བྱ་ཐབས་ཁག་9བཏོན་ནས་རང་རྒྱལ་ནས་ཐོན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་འགན་ལེན་བྱས་པ།
གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། ད་ལོ་ཚུན་དུ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་ངོས་ཀྱི་འགན་ནུས་ལ་གཞིགས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བོད་ཀྱི་འགག་སྒོ་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་ཐབས་ཁག་9བཏོན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་སོགས“ཐོན་གསར་གསུམ”ཕྱིར་གཏོང་ལ་རམ་འདེགས་བྱས་ཏེ་འགག་སྒྲོལ་འགན་ལེན་གྱི“སྣ་འདུས་ཐབས་བཟང”བཏོན་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་བར་རམ་འདེགས་བྱས་ཡོད། ལྕགས་ལམ་སྡེ་ཚན་དང་མཉམ་དུ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་དུས་གཏན་མེ་འཁོར་བཏང་སྟེ“སྐམ་སའི་གྲུ་ཁ་རེ་ཞུ་དང་། མངའ་ཁོངས་ཞིབ་བཤེར། འགག་སྒོ་ཐད་གཏོང་བཅས་ཀྱི་ལྟ་འདོམས་བྱེད་སྟངས་ལེགས་སུ་བཏང་ནས། རླངས་འཁོར་དག་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་རེ་ཞུ་དང་ཞིབ་བཤེར་སོགས་ཀྱི་འགྲོ་ལུགས་ལེགས་གྲུབ་ཟིན་ནས་འགག་སྒོར་འབྱོར་རྗེས་གློག་རྡུལ་འགག་སྒོའི་ཞིབ་བཤེར་ལེགས་པར་འགྲུབ་ན་ཕྱིར་གཏོང་བྱེད་ཆོག་གི་ཡོད། དེས་ན་ནུས་རྒྱུ་གསར་པའི་རླངས་འཁོར་རེ་ཞུ་བྱེད་པ་ནས་ཕྱིར་གཏོང་བར“དོས་སྒམ་གཅིག་རང་གིས་གོ་ཆོད་པའི”འགག་སྒྲོལ་རྣམ་པ་མངོན་འགྱུར་བྱུང་བ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།