དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཕྲུ་གུ་ཚོའི་སེམས་ཀྱི་ཞིང་ས་གཤིན་པོར་རྒྱལ་སྲུང་དམག་གཅེས་ཀྱི་རྩ་བ་ཚུགས་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    འདི་ནི་དཔོན་དམག་གི་ཁྲིད་སྟོན་འོག་དམག་མིའི་ཕྲུ་གུ་ཚོ་ཏང་གི་ལོ་རྒྱུས་རིག་གནས་ཐང་ཆེན་ལ་ལྟ་སྐོར་བྱེད་བཞིན་པ།

    ཉེ་ཆར། སེམས་དྲོད་དམག་ཕན་གྱི་ལས་དོན་སྔར་བས་གཏིང་ཟབ་སྤེལ་ཆེད། བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གི་དུས་ཐེངས་གཉིས་པའི་དམག་མིའི་བུ་ཕྲུག་གི་དབྱར་སྒར་བྱེད་སྒོ་དུས་བཀག་ལྟར་འགོ་ཚུགས་པ་རེད། དམག་མིའི་བུ་ཕྲུག་60ལྷག་ཙམ་གྱིས་དམག་སྒར་དུ་བསྐྱོད་དེ“ཏང་རྟགས་ཀྱི་གཟི་འོད་བྱིས་སེམས་ལ་འཕྲོས། དམག་དཔུང་སྟོབས་ཆེར་གཏོང་བར་ང་ཡིས་འབད་པའི”བརྗོད་དོན་གཙོ་བོའི་སྣེ་ཁྲིད་འོག་དམག་དཔུང་གི་འཚོ་བ་ཉམས་སུ་མྱངས་ནས་དད་སེམས་བརྟན་གཏོང་དང་། ཀུན་སྤྱོད་ལ་ཞུན་བརྡར། འཚར་ལོངས་ལ་ཕན་ཐོགས་བཅས་ཡོང་བར་བྱས་ཡོད།

    དམག་མིའི་ཕྲུ་གུ་ཚོས་ཐུན་མོང་མ་ཡིན་པའི་འཚར་ལོངས་ཀྱི་ཉམས་ལེན་ཐུབ་ཆེད། ལུའེ་ཤོག་དེས་རྒྱལ་གཅེས་སློབ་ཚན་དང་། སྤྱོད་ཚུལ་འཛུགས་སྐྱོང་། དམག་དོན་སྦྱོང་བརྡར། ལྟ་སྐོར་སློབ་སྦྱོང་སོགས་ཀྱི་ནང་དོན་ཚུད་པའི་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཏེ། “རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན”གྱི་ས་བོན་དམག་མིའི་ཕྲུ་གུ་ཚོའི་སེམས་སུ་རྩ་བ་ཚུགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།