དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་འཐབ་འཛིང་པ་11ལ་དམག་དཔུང་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    འདི་ནི་འཐབ་འཛིང་པ་11ལ་དམག་དཔུང་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ་འབྱོར་རྗེས་མཉམ་པར་རྒྱག་བཞིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ནས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ་སྟེ། དམག་མི་11ལ་དམག་དཔུང་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ་འབྱོར་ཞིང་། མིག་དཔེ་བཏོད་ནས་དཔོན་དམག་འཚར་ལོངས་ཀྱིས་ཤེས་ལྡན་པར་འགྱུར་བའི་རྣམ་པ་ཟབ་མོ་གཏོད་ཆེད། དཔུང་སྡེ་དེས་དམག་དཔུང་སློབ་གྲྭར་ཡིག་རྒྱུགས་འཕྲོད་པའི་སློབ་མ་ཚོར་གྲ་རྒྱས་པའི་དགའ་སྐྱེལ་ཚོགས་འདུ་ཞིག་འཚོགས་ཏེ་རྒྱུགས་འཕྲོད་ཀྱི་དགའ་སྤྲོ་མཉམ་སྤྱོད་བྱས་པ་རེད།

    དམག་སྒར་ནང་དགའ་སྐྱེལ་ཞུ་བའི་མཛད་སྒོ་རྔམ་བརྗིད་ལྡན་ལ་གཟབ་རྒྱས་ཤིག་ཡོད་ཅིང་། སློབ་གྲྭར་སྐྱོད་གྲབས་ཡོད་པའི་འཐབ་འཛིང་པ་ཚོས་འཐབ་གྲོགས་ཚོའི་གུས་བཀུར་དང་སྨོན་འདུན་ཁྲོད་བསྐྱོད་པ་དང་། གཟི་བརྗིད་འདི་ནི་འདས་ཟིན་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ། རྒྱང་རིང་གི་ཕུགས་བསམ་ལ་རེ་བ་བཅོལ་བ་ཞིག་དེ་བས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།