དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཏང་གི་བཀའ་དྲིན་ཕྱོགས་བཞིར་ཁྱབ།

    མི་རིགས་མང་པོ་འདུས་སྡོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི“དཔེ་མཚོན་གསར་པ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་དུ་སྐར་དམར་སྡེ་ཁུལ་ཞེས་པའི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཁུལ་ཞིག་ཡོད། 2023ལོའི་ཟླ་5པར་བཙུགས་པའི་སྡེ་ཁུལ་འདིས་དུས་རབས་གོང་མའི་ལོ་རབས་60པའི“སྐར་དམར་ཀུང་ཧྲེའི”མིང་གི་རྒྱུན་མཐུད་ཅིང་། དེས“སེམས་པ་དམར་པོ་ཏང་ལ་ཕྱོགས་པ”མཚོན་གྱི་ཡོད།

    ཟླ་7ཚེས་29ཉིན། གསར་འགོད་པས“འོད་སྟོང་འཕྲོ་བའི་ལོ་ངོ་60 ང་ཚོའི་ཁྱིམ་གཞིས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་བཅར་འདྲི་ཚོགས་པའི་རྗེས་སུ་འབྲངས་ཏེ་སྐར་དམར་སྡེ་ཁུལ་དུ་བསྐྱོད་དེ། སྡེ་ཁུལ་དེས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གསར་གཏོད་བྱ་ཐབས་དང་གསོན་ཉམས་ལྡན་པའི་ལག་ལེན་སྐོར་ལ་བཅར་འདྲི་བྱས་ཡོད།

    སྡེ་ཁུལ་དུ་སྐྱོད་སྐབས། གཙང་ཞིང་གྲལ་སྟར་སྒྲིག་པའི་ལམ་གྱི་གཡས་གཡོན་དུ་ཡུལ་མིའི་སྡོད་ཁང་གསར་རྐྱང་ཆགས་ཡོད་པ་དང་། ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་སྒོའི་མདུན་གྱི་གློག་རྡུལ་བརྙན་ཤེལ་ལས་སྡེ་ཁུལ་གྱི་གནས་ཚུལ་སྟོན་གྱི་འདུག མི་རིང་བའི་སར་ཡོད་པའི་ཧུང“ཤིན”ས་ཚུགས་ཀྱི་རྒྱལ་སྒོའི་མདུན་དུ་མངག་ཉོ་སྐྱེལ་མཁན་ཁ་ཤས་ངལ་གསོ་གིན་སྐད་ཆ་བཤད་ནས་བསྡད་ཡོད། རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་23ལས་གྲུབ་པའི་དུད་ཚང་4365དང་ཡུལ་མི་11000ལྷག་ཙམ་ཡོད་པའི་སྡེ་ཁུལ་དེས“ཆུང་ངུ་དྲུག་དང་མཉམ་འདྲེས་དྲུག”གི་རྣམ་པ་གསར་གཏོད་བྱས་པ་བརྒྱུད་གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི“དཔེ་མཚོན་གསར་པ”གཏོད་བཞིན་ཡོད།

    སྡེ་ཁུལ་བཅོས་སྐྱོང་གི་རིག་ནུས་ཅན་གྱི་སྤྱོད་ཚད་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་འཆར་ཤེལ་ཆེན་པོའི་སྟེང“གནད་དོན་སྒྲུབ་གཉེར་ཐུབ་ཚད་99.34%ཟིན་པའི”གྲངས་གཞི་དེ་དུས་ཐོག་ཏུ་མངོན་གྱི་ཡོད། གྲངས་ཀ་དེའི་རྒྱབ་ཏུ་སྡེ་ཁུལ་གྱིས་འཚོལ་ཞིབ་བྱས་པའི“ཏང་འཛུགས་སྐྱོང་དང་། དྲ་རྒྱ། གྲངས་འཛིན་བཅོས་སྐྱོང་བཅས་ཟུང་དུ་འབྲེལ་བའི”རྣམ་པ་གསར་པ་དེ་རེད། རིག་ནུས་ལས་སྟེགས་བརྒྱུད་གྲོང་མིས་བཏོན་པའི་གནད་དོན་མགྱོགས་ཤོས་སུ་ཆུ་ཚོད་གཉིས་ནང་ཐག་གཅོད་ཐུབ་ཀྱི་ཡོད། “ན་ནིང་བདེ་སྐྱིད་ཁུལ་ཆུང་གི་སྐུད་ལམ་སྒྱུར་བཀོད་བྱེད་སྐབས། “དྲ་ཐོག་འདེམས་ཤོག་འཕེན་པ་དང་ཁྱིམ་མཚེས་དབར་གྲོས་བསྡུར་བྱེད་པའི”བྱ་ཐབས་བརྒྱུད་ལོ་20སོང་བའི་ལམ་ཐིག་རྙིང་པ་དེ་རྩ་བའི་ཆ་ནས་བཅོས་སྒྲིག་ཐུབ་ཡོད།

    ད་ཆ་ལས་ཞུགས་ཚོགས་སྤྱི་གསར་པ་རང་འགུལ་ངང་སྡེ་ཁུལ་བཅོས་སྐྱོང་ནང་མཉམ་དུ་ཞུགས་ཏེ“དམངས་འཚོའི་ལྟ་ཞིབ་པ”དང“བདེ་འཇགས་ལྟ་ཞིབ་པ”སོགས་ཀྱི་ལས་འགན་མང་པོ་འཁུར་བཞིན་ཡོད། ཁོང་ཚོས་ཁྲོམ་གཞུང་དང་སྲང་ལམ་དུ་འགྲོ་བའི་ལས་རིགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། རིམ་རྩིས་བརྒྱབ་ན་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་26སྙན་སེང་ཞུས་པས་སྡེ་ཁུལ་བཅོས་སྐྱོང་གི་ཁ་གསབ་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། “ཕྱོགས་གཉིས་སུ་སྐྱོད་པའི”བཅོས་སྐྱོང་བྱེད་སྟངས་དེ་རིགས་ཀྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་གཏོགས་སེམས་ཆེ་རུ་ཕྱིན་པ་མ་ཟད། སྡེ་ཁུལ་བཅོས་སྐྱོང་ཞིབ་ཚགས་ཀྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།