གོ་འཇོ་རྫོང་གསེར་གདོང་ཤང་མངགས་གཏོང་ཁང་གིས།
རྩྭ་ཐང་སྐོར་གྱི་རྩོད་གཞི་ཞིག་ཐག་གཅོད་བྱས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྤྱི་བདེ་ཅུས་གསེར་གདོང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྩྭ་ར་བེད་སྤྱོད་སྐོར་གྱི་རྩོད་གཞི་ཞིག་ཐག་གཅོད་བྱས་པ་རེད།
གྱོད་གཞི་དེ་ནི་འབྲོག་པ་ཚོས་རང་གྲོང་ཚོའི་འབྲོག་རར་གློ་བུར་དུ་རྒྱུས་མེད་ཀྱི་སྦྲ་གུར་ཁ་ཤས་མང་དུ་ཕྱིན་པ་ཤེས་རྟོགས་བྱུང་བ་དང་། མ་བོས་མགྲོན་པོ་དེ་དག་གིས་དེ་གར་གུར་བརྒྱབ་ནས་སྡོད་པ་མ་ཟད། ད་དུང་ནོར་ལུག་མང་པོ་འཁྲིད་པ་ལས་ཐོན་པ་ཞིག་རེད། རང་གྲོང་ཚོའི་རྩྭ་ར“མཉམ་སྤྱོད”བྱས་པ་མཐོང་སྐབས། འབྲོག་པ་ཚོ་སྡོད་བཟོད་མི་བདེ་བར་གྱུར། ཉེན་བརྡ་འབྱོར་རྗེས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཉིན་དེར“རྩྭ་ཐང་གི་བཞུགས་མོལ་ཚོགས་འདུ”འཚོགས་པ་རེད།
འདུམ་འགྲིག་བྱ་ཡུལ་དམིགས་བསལ་ཞིག་ཡོད་པ་དང་མི་དམངས་ཉེན་རྟོག་པས་ས་ཡུལ་དངོས་སུ་བསྐྱོད་དེ་ཕྱོགས་གཉིས་ཀའི་བསམ་ཚུལ་ལ་ཉན་པ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རྩྭ་ཐང་གི་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ད་དུང་ཕ་མེས་ཚོའི་ཕྱུགས་ཟོག་འཚོ་བའི་སྒྲིག་སྲོལ་ཡང་བརྗོད་པ་རེད། ཛ་དྲག་པའི་རྣམ་པ་རིམ་བཞིན་ཞི་ལྷོད་དུ་ཕྱིན་ནས་བསམ་ཤེས་ཐོབ་པ་དང་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་ཡོད། མཐར་སྒྲིག་འགལ་ངང་བརྒྱབ་པའི་སྦྲ་གུར་རང་འགུལ་ངང་བཤིག་ནས་ཕྱོགས་གཉིས་འཆམ་མཐུན་བྱུང་བ་དང་ཕན་ཚུན་མཉམ་དུ་མིག་ལ་གཅེས་སྤྲས་བྱེད་པ་ལྟར། ཐུན་མོང་ལ་དབང་བའི་རྩྭ་ཐང་ལ་གཅེས་སྤྲས་བྱ་རྒྱུའི་ཁ་ཆད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།