དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་སའི་འཁོར་རིགས་དོ་དམ་སུའོ་ཡིས་འཕྲུལ་སྒུལ་འཁོར་རིགས་ལ་ཞིབ་བཤེར་བྱེད་སྐབས“ཚབ་བཤེར་བྱེད་པའི”ཁྲིམས་འགལ་བྱེད་སྤྱོད་ཅིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་འཁོར་རིཌ་དོ་དམ་སུའོ(གཤམ་དུ“ལྷ་སའི་འཁོར་རིགས་དོ་དམ་སུའོ”ཞེས་བསྡུ་རྒྱུ)ཡིས་ཁྲིམས་སྒྱུར་ལྟ་སྐུལ་རུ་ཆེན་དང་གྲོང་ལྷོ་རུ་ཆེན་དང་མཉམ་དུ་འཕྲུལ་སྒུལ་འཁོར་རིགས་ལ་ཞིབ་བཤེར་བྱེད་སྐབས“ཚབ་བཤེར་བྱེད་པའི”ཁྲིམས་འགལ་གྱི་གྱོད་གཞི་ཞིག་རྩད་ཆོད་པ་རེད། འདི་ནི་ལྷ་སའི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་ཁག་གི་ལས་དོན་པས་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་བཞིན་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་བརྒྱད་པའི་ཟླ་དཀྱིལ་དུ་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ནས་ལྷ་ས་གྲོང་ཁྱེར་ལ་ནང་བཤུག་བཏང་བའི་རླངས་འཁོར་ཞིག་ལ་ལྷ་སའི་འཁོར་རིགས་དོ་དམ་སུའོ་ཡི་ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས། རླངས་འཁོར་དེར་ཁྲིམས་འགལ་ངང་བཟོ་བཅོས་བརྒྱབ་ཡོད་པ་ཤེས་ནས་ཞིབ་བཤེར་རྩིས་ལེན་བྱས་མེད་པ་རེད། དེ་རྗེས་རླངས་འཁོར་དེ་ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་གཞན་ཞིག་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ་དང་འབྲེལ། ནང་བཤུག་བདེ་བླག་བཏང་བ་རེད། བྱེད་སྤྱོད་དེ་ལྷ་སའི་འཁོར་རིགས་དོ་དམ་སུའོ་ཡི་མ་ལག་གི་སྔོན་ཚུད་ཉེན་བརྡས་ཤེས་རྟོགས་བྱུང་རྗེས། ལྷ་སའི་འཁོར་རིགས་དོ་དམ་སུའོ་ཡིས་ཁྲིམས་སྒྱུར་ལྟ་སྐུལ་རུ་ཆེན་དང་གྲོང་ལྷོ་རུ་ཆེན་དང་མཉམ་དུ་འཕྲལ་མར་བརྟག་དཔྱད་བྱས་པ་རེད། “སྐབས་དེ་དུས་མི་དམངས་ཉེན་རྟོག་པས་རླངས་འཁོར་དེ‘རྙིང་པ་གསར་པར་བསྒྱུར་བ’ཤེས་ནས་དེ་ནི་ཁྲིམས་འགལ་ངང་བཟོ་བཅོས་བརྒྱབ་པའི་ཁོངས་སུ་གཏོགས་པས། ལག་ཁྱེར་ཕྱིར་སློག་བྱ་རྒྱུའི་ཐག་བཅད་པ་རེད། ཉིན་གཉིས་པར་རླངས་འཁོར་དེ་ལྷ་སའི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་གཞན་ཞིག་ནས་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་འདུག་པས། ང་ཚོས་འཕྲལ་མར་གནས་ཚུལ་དེར་བརྟག་དཔྱད་བྱས་པ་ཡིན”ཞེས་ལྷ་སའི་འཁོར་རིགས་དོ་དམ་སུའོ་ཡི་སུའོ་ཀྲང་གཞོན་པ་ཚུའེ་ཁྲེང་དབྱིས་བཤད།

    བརྟག་དཔྱད་བྱས་པ་བརྒྱུད། ལྷ་སའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་ཤིག་གི་ཞིབ་བཤེར་པ་ཝུའུ་ཆེ་གེ་མོ་དང་ཚབ་སྒྲུབ་བར་བརྒྱུད་བ་མཱ་ཆེ་གེ་མོས་ངན་འབྲེལ་བྱས་ཏེ་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་གྱི་ཚད་གཞི་མ་ལོན་པའི་འཁོར་རིགས་ལ“ཚབ་བཤེར”བྱས་ནས་རླངས་འཁོར་དེར་སྒྲིག་འགལ་ངང་ཞིབ་བཤེར་རྩིས་ལེན་བྱས་ནས་ནང་བཤུག་བཏང་སྟེ་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་དོ་དམ་གྱི་རྒྱུན་ལྡན་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་མ་ཟད། འགྲིམ་འགྲུལ་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཡང་བཟོས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་དང་། དེ་བཞིན《འཕྲུལ་སྒུལ་འཁོར་རིཌ་ཐོ་འགོད་གཏན་འབེབས》ལ་གཞིགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཝུའུ་ཆེ་གེ་མོ་དང་མཱ་ཆེ་གེ་མོར་དངུལ་ཆད་བཅད་དེ་བསླབ་འདོམས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།