རང་ལྗོངས་ཀྱིས་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ།
འདི་ནི་ཀྲུང་ལུགས་སྨན་རྫས་ལྟ་སྐུལ་སྡེ་ཚན་གྱིས་ཡུལ་རྣམ་འདྲ་བཟོས་ཀྱིས་ནང་སྦྱོང་བྱེད་བཞིན་པ།
ཉེ་ཆར། “སྨན་རྫས་བདེ་འཇགས་སྲུང་། མ་བྱུང་སྔོན་འགོག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ནང་སྦྱོང་ལྷ་སར་བྱས་ཤིང་། དེའི་དམིགས་ཡུལ་ནི་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་སྟེ་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་ཞིབ་བཤེར་བྱ་ཆེད་ཡིན་པ་རེད།
ནང་སྦྱོང་དེ་ནི་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེར་ཀྲུང་གོའི་འཕྲལ་སྡོམ་དོ་དམ་རིག་གཞུང་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པར་གདན་དྲངས་ཡོད་པ་མ་ཟད། ཁྲུང་ཆིང་དང་། ཧྲའན་ཤིས་སོགས་ཞིང་ཆེན(གྲོང་ཁྱེར)བརྒྱད་དང་ལྗོངས་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་སྡེ་ཚན་གྱི་འཐུས་མི་ས་ཡུལ་དངོས་ལ་ལྟ་སྦྱོང་བྱེད་པར་ཡོང་བ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྨན་བཅོས་འགན་སྲུང་ཅུས་སོགས་སྡེ་ཚན་མང་པོ་མཉམ་དུ་ནང་སྦྱོང་ལ་ཞུགས་ཡོད། ནང་སྦྱོང་ནང་། ཡུལ་རྣམ་འདྲ་བཟོར་བརྟེན་ནས“ལུགས་མཐུན་མིན་པའི་སྨན་རྫས”ལས་ཚོགས་སྤྱིའི་རང་བཞིན་གྱི་སྨན་རྫས་མི་འཕྲོད་པའི་དོན་རྐྱེན་ཐོན་པའི་ཚུལ་བྱས་ཏེ། དོན་རྐྱེན་གྱི་སྙན་སེང་དང་ཐོག་མའི་ཐག་གཅོད་དང་། བརྡ་ལན་ཞུ་ཐབས་དང་དོན་རྐྱེན་ལ་བརྟག་དཔྱད། བརྡ་ལན་རིམ་སྤོར་དང་དོན་རྐྱེན་ལ་ཚོད་འཛིན། གླེང་ཕྱོགས་ལ་དབྱེ་ཞིབ་བརྡར་གཅོད་དང་ཡང་དག་ཁྲིད་སྟོན། བརྡ་ལན་མཚམས་འཇོག་དང་རྗེས་འཇུག་ཐག་གཅོད་བཅས་དུས་རིམ་ལྔ་བཟོས་ནས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པས། ཐོལ་བྱུང་དོན་རྐྱེན་ཐོན་སྐབས་འབྲེལ་ཡོད་ཚན་པ་ཁག་གི་མཐུན་སྦྱོར་གཞོགས་འདེགས་ནུས་པར་ཞིབ་བཤེར་ནུས་ལྡན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།