དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • དངུལ་ཆུ་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས།

    “ཐབས་གསུམ་མཉམ་སྤྱོད”ཀྱིས་འགྲོ་ལམ་བདེ་འཇགས་ཡག་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་ཆར། བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་དངུལ་ཆུ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་བྱ་ཐབས་གསར་གཏོད་དང་ཐབས་མང་མཉམ་སྤྱོད་ཀྱིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་སྤེལ་ཁར། ཡུལ་མིའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་སྟེ། གྲོང་གསེབ་ཀྱི་འགྲོ་ལམ་བདེ་འཇགས་ལ་སྲུང་བཅད་བརྟན་པོ་བསྐྲུན་པ་རེད།

    དྲ་ཐོག་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱིས་གོ་བདེ་ཤེས་སླ་དང་ལྟ་འདོད་ལ་ཉན་སྤྲོ་བའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྙན་ཐུང་དང་སྐད་ལམ་དཔྱད་གཞི་འབོར་ཆེན་ཞིབ་ཚགས་བདམས་ཏེ། གྲོང་ཚོའི་ལས་བྱེད་པ་བརྒྱུད“གཉིས་ལྡན་དུད་སྦྲེལ”གྱི་བཅུ་དཔོན་ཁག་ལ་བརྒྱུད་གཏོང་བྱས་པ་དང་། བཅུ་དཔོན་ཚོས་འཕྲལ་མར་རང་ཉིད་ཀྱི་སྐད་འཕྲིན་ཚོགས་པར་ཁྱབ་སྤེལ་བཏང་ནས། ཁྱིམ་ཚང་ཚང་མར་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཐུབ་པར་འགན་ལེན་བྱས་པ་རེད།

    ལམ་ངོས་སུ་ཁ་ཏ་སློབ་སྟོན་བྱས་ནས་ཡ་རབས་ངང་འགྲོ་སྐྱོད་ཐུབ་པར་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གིས་དང་བླངས་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་འགྲིམ་འགྲུལ་ཁ་ཏ་སློབ་སྟོན་གྱི་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད། དང་བླངས་པས་གཙོ་གནད་དུས་མཚམས་དང་ལམ་དུམ་དུ་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དང་། ཞིང་སྤྱོད་འཁོར་གསུམ་སྦག་སྦག གློག་སྒུལ་སྦག་སྦག་སོགས་ལ་བདེ་འཇགས་དྲན་སྐུལ་བྱས་ཤིང་། ཤོང་ཚད་ལས་བརྒལ་བ་དང་། བདེ་འཇགས་སྲུང་ཐག་མ་བཅིངས་པ། རྨོག་ཞྭ་མ་གྱོན་པའམ་ཡང་ན་ཚད་ལྡན་མ་གྱོན་པ་སོགས་ཀྱི་བྱེད་སྤྱོད་ལ་ངང་རྒྱུད་རིང་པོས་ཁ་ཏ་སློབ་སྟོན་བྱས་པ་རེད།

    སློབ་ཁང་དུ་དྲིལ་བསྒྲགས་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་བྱིས་པའི་སེམས་ལ་ཟུག་པར་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་དབྱར་གསེང་སྤྱད་དེ“དྲོ་སྐྱིད་སློབ་ཁང་ཆུང་ངུ། བདེ་འཇགས་འདུ་ཤེས་ཟབ་མོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་ཁང་ཆུང་ངུར་ཕྲུ་གུ་ཚོར་འགྲོ་ལམ་བདེ་འཇགས་ཀྱི་འགྲིམ་འགྲུལ་སྒྲིག་སྲོལ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་དང་། “གློག་སྒྲོན་དམར་པོར་སྡོད་པ་དང་། གློག་སྒྲོན་ལྗང་གུར་འགྲོ་བ” ལོ་12ལ་མ་སླེབས་ཚེ་རྐང་འཁོར་གཏོང་མི་ཆོག་པ་སོགས་ཀྱི་ཞིབ་ཕྲའི་བླང་བྱ་ནན་བཤད་བྱས་ཏེ། ཁོ་ཚོར་འགྲོ་སྐྱོད་བྱེད་སྐབས་འགྲོ་ལམ་གྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་འབྲེལ། རྒྱུན་མཐོང་གི་འགྲིམ་འགྲུལ་བརྡ་རྟགས་ངོས་འཛིན་བྱེད་སྟངས་བསླབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།