ཏང་དམངས་མཉམ་འགུལ་གྱིས་འགྲོ་ལམ་བཤངས་ཏེ་དམངས་སེམས་དྲོ་བར་བྱས་པ།
ཉེ་ཆར། དུས་ཐུང་དྲག་ཆར་འབབ་པའི་དབང་གིས་ནག་ཆུ་འབྲི་རུ་རྫོང་རྩ་ལ་ཤང་གི་འབྲི་རུ་ནས་རྩ་ལའི་གཞུང་ལམ་གྱི་བསང་སྦུག་གྲོང་ཚོ་ནས་གཡང་ཆེན་མདོའི་ལམ་དུམ་ལ་གློ་བུར་དུ་འདམ་རྡོའི་ཆུ་རུད་ཐོན་ཏེ་འགྲོ་ལམ་ཚབས་ཆེན་འགགས་ནས་རླངས་འཁོར་མང་པོ་ཞིག་ལུས་ཡོད། གནས་ཚུལ་དེ་ཤེས་རྗེས་རང་སྐྱོང་ལྗོངས་བཙོན་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཟླ་བ་ཚེ་རིང་གིས་འཕྲལ་མར་རུ་མི་དང་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གནས་ཚུལ་ཐོན་ཡུལ་ལ་བསྐྱོད་ནས་མྱུར་དུ་རོགས་སྐྱོབ་བྱ་སྤྱོད་སྤེལ་བ་རེད།
ཆུ་ཚོད་གསུམ་ཙམ་གྱི་འབད་འཐབ་བྱས་པ་བརྒྱུད་འགྲོ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ནས་ཉེན་གྱར་རླངས་འཁོར་3དང་དེ་གར་ལུས་པའི་རླངས་འཁོར་20ལྷག་ཙམ་ཚང་མ་བདེ་འཇགས་ངང་ཤར་བགྲོད་ཐུབ་ཡོད།
ད་ཐེངས་ཀྱི་ཉེན་སེལ་ཁྲོད་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་གདོང་མཆོངས་བྱས་ནས་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་འབད་འཐབ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།