དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དུ་ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་བཅའ་སྡོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    ཁྲིམས་འཛིན་པུའུ་ཡི“གཞུང་དཔང་གི་སྤུས་འབྲས་ལེགས་གཉེར་གྱི་ལོ་གསུམ་བྱ་སྤྱོད”ལ་སྐུལ་འདེད་ཏན་ཏིག་དང་། “གཞུང་དཔང་ཚད་ལྡན་སྤུས་ལེགས”ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་བཏང་ནས《བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི“གཞུང་དཔང་ཚད་ལྡན་སྤུས་ལེགས”ཀྱི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བྱེད་ཐབས་ཁག་བཅུ་བཞི》ཡི་ལས་འགན་ཁག་དང་ཟུང་འབྲེལ་བྱས་ཏེ། སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གཞུང་དཔང་ལམ་ལུགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དུ་ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་བཅའ་སྡོད་བྱེད་པའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་གདན་བསྐོའི་མཛད་སྒོ་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།